ཐབས་སྒྲུབ་ནི་བྱ་བ་སྒྲུབ་པའི་ཐབས་ཤེས་ལ་ཟེར་ཞིང་བྱེད་ཐབས་སྨྲ་བའི་ཁོངས་སུ་གཏོགས། ཐབས་ལ་མཁས་པའི་སྤྱོད་ཚུལ་ནི་བློ་རིག་གི་ཉིང་བཅུད་ཡིན་ལ་ལས་ཆོད་ཆེ་ཆུང་གི་འགག་རྩ་ཡིན། ཐབས་སྒྲུབ་ལ་མཁས་ན་བྱ་བ་ལམ་དུ་འགྲོ་སླ་ཞིང་བྱས་འབྲས་མགྱོགས་པོར་སྨིན་ཐུབ། དཀར་མཛེས་ཁུལ་གྱི་གནས་ཚུལ་དམིགས་བསལ་ཆེ་ལ་ལས་འགན་སྣ་མང་སྣེ་འཛིང་ཆེ་བས་ངེས་པར་དུ་རྒྱུད་རིམ་ལྡན་པའི་བསམ་གཞིག་བཅངས་ཏེ། འཛམ་གླིང་ལ་ལྟ་བའི་མིག་རྒྱང་དང་རྒྱལ་ཡོངས་ཀྱི་ཚད་གཞི། ཞིང་ཆེན་ཡོངས་ཀྱི་ཚད་དཔོག་བཅས་ལ་དམིགས་ཤིང་གོང་རིམ་གྱི་བཀོད་སྒྲིག་དངོས་ཡོད་གནས་ཚུལ་དང་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས་མྱུར་སྒྲུབ་དང་དངོས་སྒྲུབ། དཀའ་སྒྲུབ་བཅས་ཀྱི་ཁྲོད་དུ་ཐབས་སྒྲུབ་ལ་མཁས་པ་བྱས་ནས་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་བསླང་དགོས།
ཐབས་སྒྲུབ་ལ་མཁས་པ་ལ་མཆོང་ཕོད་པ་དང་ཚོད་ལྟ་ཕོད་པའི་སྙིང་སྟོབས་དགོས་ཤིང་། གུས་སྐྲག་གི་འདུ་ཤེས་དགོས་ལ། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་ཞིང་ལག་ལེན་དུ་བསྟར་དགོས། ཐབས་སྒྲུབ་ལ་མཁས་པ་ནི་རྙིང་ཞེན་རྙིང་རྒྱུན་སྐྱོང་བ་མིན་གྱི། བདེན་སྲུང་གསར་གཏོད་ཀྱི་ཧུར་སྐྱོད་ཡིན། ལོང་བ་མཆོང་རྒྱུག་མིན་ལ་དུས་བབ་དང་བསྟུན་མཁས་ཤིང་ཡུལ་དུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། ཉེན་ཁ་གཏོང་འཛིན་ཐུབ་པའི་ཁྲོད་དུ་མདུན་སྐྱོད་ཀྱི་ཐབས་མཆོག་རྙེད་པ་དེ་ཡིན། སྔོན་དུ་སྒྲུབ་པ་ལས་རྩོད་པ་མི་རྒྱག་པ་དང་སྔོན་དུ་ཚོད་ལྟ་ལས་བཤད་བཤད་མི་རྒྱག་པ། ལག་ལེན་ལས་གྲུབ་འབྲས་འཐོབ་ཐབས་བྱེད་པ་བཅས་རྒྱུན་འཁྱོངས་ཤིང་། ཕུགས་ཕན་རྩ་བཅོས་ཀྱི་ཐབས་གསར་འཚོལ་བ་དང་། ཉམས་མྱོང་ཉམས་མྱོང་ཙམ་དུ་མ་ལུས་པར་དེ་ཉིད་བྱེད་ཐབས་གོ་ཆོད་དུ་བསྒྱུར་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་མངོན་པའི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་འགྲོ་ལམ་དུ་བསྐྱོད་དགོས། སྒྲུབ་ཕོད་པ་དང་སྒྲུབ་ཤེས་པ། སྒྲུབ་མཁས་པའི་རྨང་གཞིའི་ཐོག་ཁྲིམས་སྒྲིག་གི་མཐིལ་ཚད་སྲུང་ཞིང་གུས་སྐྲག་གི་འདུ་ཤེས་བཅངས་ཏེ། བསྒྱུར་བཅོས་གསར་གཏོད་ཁྲོད་དུ་རྩལ་ནུས་ངོམ་དགོས། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་དགོས་ཤིང་། དུས་ནམ་ཡང་མི་དམངས་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་ས་དང་ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅད་རྒྱུ་ལས་དོན་ཁག་གི་ཨང་དང་པོར་བཞག་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དམངས་ཡོངས་ཀྱིས་མཉམ་སྤྱོད་ཐུབ་ཅིང་། མཐུན་སྒྲིལ་འབད་འཐབ་དང་ལས་སྒྲུབ་ལས་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།
དཀར་མཛེས་ཁུལ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་ཡོང་བར་མྱུར་སྒྲུབ་ཀྱིས་གོ་སྐབས་འཕྲོག་དགོས་པ་དང་། དངོས་སྒྲུབ་ཀྱིས་ལས་འགན་བསྒྲུབ་དགོས་ཤིང་། དཀའ་སྒྲུབ་ཀྱིས་སྙིང་རུས་བརྡར་དགོས་ལ། ཐབས་སྒྲུབ་ཀྱིས་ལས་ཆོད་ཆེ་རུ་གཏང་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཇུས་གཉེར་གྱི་ཆུ་ཚད་དང་ཐབས་སྒྲུབ་ཀྱི་ནུས་པ་ཆེ་རུ་གཏོང་ཞིང་། རྣམ་དཔྱོད་ཀྱི་རྩལ་དཀྲུག་ཅིང་། དཔའ་སྙིང་གི་རྒྱུན་བསྐྱངས་ཏེ། ཀྲུང་གོ་ལུགས་དེང་རབས་ཅན་དཀར་མཛེས་ཁུལ་གྱི་ལག་ལེན་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གཟེངས་སུ་ཐོན་པ་གཏོད་དགོས་སོ།།
( སྐལ་ཐུབ་ཀྱིས་བྲིས།)
