国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ལྗོངས་ཉིང་ཁྲིའི་ཁམ་བུ་མེ་ཏོག་དུས་ཆེན་འགོ་བཙུགས།

ཞིན་ཧྭ་གསར་འགྱུར་ཁང་ནས་པར་དྲངས།

6169_04B_20260408འགོ་འཛུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས།

6173_04B_20260408འཁྲབ་སྟོན་པས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

6177_04B_20260408རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས།

6175_04B_20260408རྣམ་པར་བཞད་པའི་ཁམ་བུ་མེ་ཏོག།

6171_04B_20260408འགོ་འཛུགས་མཛད་སྒོའི་མི་མེད་གནམ་གྲུའི་འཁྲབ་སྟོན།

6165_04B_20260408-1རི་བོ་གནམ་ལྕགས་འབར་བའི་འདབས་ཀྱི་ཡར་ཀླུང་གཙང་པོ་གྲོག་རོང་ཆེན་མོའི་ཁམ་བུ་མེ་ཏོག་གི་མཛེས་ལྗོངས།

ཉེ་ཆར། བོད་ལྗོངས་ཉིང་ཁྲིའི་ཁམ་བུ་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པ་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་གླིང་ཁུལ་དུ་སྤེལ་འགོ་བཙུགས་པ་རེད། སྐབས་འདིའི་ཁམ་བུ་མེ་ཏོག་དུས་ཆེན་ནང་གཟུགས་མེད་རིག་གནས་ཤུལ་བཞག་ལ་ཉམས་ལེན་དང་ཚིག་ཇའི་བྲོ་བར་རོལ་བ། ཞིང་ལས་ཁྱད་ཆོས་ཐོན་རྫས་འགྲེམ་ཚོང་སོགས་རིག་གནས་ཡུལ་སྐོར་བྱེད་སྒོ20ལྷག་བཀོད་སྒྲིག་བྱས་ཡོད། ལོ་མང་རིང་འཕེལ་རྒྱས་བཏང་བ་བརྒྱུད་བོད་ལྗོངས་ཉིང་ཁྲིའི་ཁམ་བུ་མེ་ཏོག་དུས་ཆེན་དེ་ས་གནས་དེ་གའི་དཔྱིད་དུས་ཀྱི་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པའི་གྲགས་རྟགས་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་པ་རེད།།