国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁུལ་ཨུ་ཏང་འཛུགས་སྐྱོང་འགོ་ཁྲིད་ཚོ་ཆུང(ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་ འཛུགས་སྐྱོང་འགན་འཁྲི་ལམ་ལུགས་འགོ་ཁྲིད་ཚོ་ཚུང)གི2026ལོའི་གྲོས་ཚོགས་ཐེངས་གཉིས་པར།

ཏང་འཛུགས་སྐྱོང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྣེ་ཁྲིད་པ་རྒྱུན་འཁྱོངས་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་འགན་ལེན་བརྟན་པོ་བྱ་དགོས་ཞེས་གསུངས།

སྤྱི་ཟླ4པའི་ཚེས8ཉིན་ལ། ཁུལ་ཨུ་ཏང་འཛུགས་སྐྱོང་འགོ་ཁྲིད་ཚོ་ཆུང(ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་འཁྲི་ལམ་ལུགས་འགོ་ཁྲིད་ཚོ་ཚུང)གིས2026ལོའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད། ཁོང་གིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། གཅིག་གྱུར་འཆར་འགོད་ཀྱིས་ཁྱབ་ཁོངས་ཁག་གི་ཏང་འཛུགས་སྐྱོང་ལས་དོན་ཡག་པོ་འཛིན་པ། ཏང་འཛུགས་སྐྱོང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྣེ་ཁྲིད་པ་རྒྱུན་འཁྱོངས་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་འགན་ལེན་བརྟན་པོ་བྱ་དགོས་ཞེས་གསུངས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུར་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་དང་དྲིལ་བསྒྲགས་པུའུ་ཀྲང་གྲོས་ཚོགས་བཅས་ཀྱི་སྙིང་དོན་བརྒྱུད་སྦྱངས་བྱས་པ་རེད།ཚོགས་འདུར《ཁུལ་ཨུའི་ཏང་འཛུགས་སྐྱོང་འགོ་ཁྲིད་ཚོ་ཆུང(ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་འགོ་ཁྲིད་ཚོ་ཆུང)གི2026ལོའི་ལས་ཀའི་གཙོ་གནད》སོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་རེད།

ཚོགས་འདུར་བསྟན་དོན། འདི་ལོ་ནས་བཟུང་ཁུལ་ཨུས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། “མྱུར་སྒྲུབ་ལ་བརྩི་མཐོང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ”བཅས་ཀྱི་གཙོ་དོན་ལག་ལེན་བྱེད་སྒོ་གསར་གཏོད་སྒོས་སྤེལ་ནས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་ལེགས་སྐྱོང་གི་ཆབ་སྲིད་འགན་འཁྲི་ལག་ལེན་ནན་པོ་བསྟར་ཏེ་ཁུལ་ཨུའི་ལྟེ་བའི་ཁྱོན་ཡོངས་ལ་དམིགས་ཏེ་ཏང་འཛུགས་སྐྱོང་ལས་ཀ་ཚ་ཚ་འུར་འུར་དང་བྱ་གཞག་ཁག་མཉམ་གཤིབ་མཉམ་འཕེལ་བྱུང་ཡོད།

ཚོགས་འདུར་ནན་གསུང་གནང་དོན། ཆབ་སྲིད་འཛུགས་སྐྱོང་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱ་དགོས་པ་དང་། གཞི་རིམ་གྱི་རྨང་གཞི་རྒྱུན་སྲིང་ངང་བརྟན་པོ་བཟོ་བ། སྐབས་བརྗེ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་མཐར་ཕྱིན་པ་དང་ཕྱོགས་གང་ཅིའི་འགན་འཁྲི་ནན་དུ་གཏང་དགོས།

ཁུལ་གྱི་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་གཞོན་པ་དང་གྲུབ་མཁན་སྡེ་ཚན་གྲོས་ཚོགས་ནང་ཞུགས་ཤིང་། ཁུལ་རིམ་པའི་སྡེ་ཚན་ཁག་གཅིག་གི་འགན་ཁུར་མི་སྣ་སོགས་གྲོས་ཚོགས་ནང་ཟུར་ཞུགས་བྱས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)