ཉེ་ཆར། ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་བརྡ་ཐོ་གསར་ཤོས་བཏང་ནས་སྡོད་ཁང་གི“རྙིང་པ་བསྒྱུར་བཀོད”དང“རྙིང་པ་གསར་བརྗེ”ལ་རྒྱབ་སྐྱོར་བྱེད་པའི་ཞིབ་ཕྲའི་ལག་བསྟར་ཞིབ་སྲོལ་དངོས་སུ་དོན་འཁྱོལ་བྱས་པ་རེད། སྲིད་ཇུས་དེས་ཁུལ་ཡོངས་ཀྱི་འཇལ་བཅོལ་བྱེད་མཁན་ལས་བཟོ་པས་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་དང་། སྡོད་ཁང་གསར་པ་བརྗེ་ཉོ་བྱེད་སྐབས་དེ་བས་དོན་དངོས་དང་མཐུན་པའི་མ་དངུལ་གྱི་རྒྱབ་སྐྱོར་དང་བེད་སྤྱོད་སྟབས་བདེ་བྱ་ཆོག་པ་རེད།
ཉིན་བཞིན་དོ་ཁུར་བྱེད་པའི་ཁྱིམ་སྡོད་རྒན་གསོའི་དགོས་མཁོར་དམིགས་ནས་སྲིད་ཇུས་གསར་པའི་ནང་སྡོད་ཁང་གི་སྤྱི་གསོག་མ་དངུལ་དེ་ཁང་རྙིང་བསྒྱུར་བཀོད་འགྲོ་གྲོན་ཐད་སྤྱོད་ཆོག་པ་ཁ་གསལ་བཏོན་ཡོད། ཞིབ་ཕྲས་བཤད་ན། ཁུལ་སྡོད་ཁང་འཛུགས་སྐྲུན་དང་ནོར་སྲིད་སྡེ་ཚན་གྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་འཇལ་བཅོལ་བྱེད་མཁན་ཞིག་ཡིན་ཕྱིན།རང་བདག་དབང་བའི་སྡོད་ཁང་རྙིང་པར་འཚམ་པའི་རྨང་གཞིའི་རང་བཞིན་གྱི་བསྒྱུར་བཀོད་བྱས་ནས་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་རེ་ཞུ་ལེགས་གྲུབ་བྱུང་ནས་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྤྲད་རྗེས་ཀྱི་ཟླ་བ12ནང་ཚུན་དུ་རང་ཉིད་ཀྱི་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཐེངས་གཅིག་ལེན་རྒྱུའི་རེ་ཞུ་བྱེད་ཆོག། རང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་སྤྱི་གསོག་མ་དངུལ་བཅོལ་མཁན་གྱིས་ཁང་པ་རྙིང་པ་བཙོངས་པར་མ་ཟད། ཟླ་བ12ནང་གསར་དུ་བརྒྱབ་པའི་ཚོང་ཟོག་སྡོད་ཁང་ཉོས་ནས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་རེ་ཞུ་བྱ་ཚེ་ཕྱོགས་གཅིག་ནས་དངུལ་བུན་གྱི་གྲངས་ཚད་མཐོ་རུ་ཕྱིན་པ་དང་།ད་ལྟ་ལག་ལེན་བསྟར་བའི་སྲིད་ཇུས་ཀྱི་དངུལ་བུན་གཏོང་ཆོག་པའི་གྲངས་འབོར་མཐོ་ཤོས་ལ་གཞིགས་ནས་བརྒྱ་ཆ30འཕར་བ་དང་།ཕྱོགས་གཞན་ཞིག་ནས་ཐོག་མའི་འཇལ་སྤྲོད་ཉུང་དུ་བཏང་ནས་ཐོག་མའི་འཇལ་སྤྲོད་ཀྱི་བསྡུར་ཚད་བརྒྱ་ཆ20ལས་མི་དམའ་ན་ཆོག།
ཤེས་རྟོགས་བྱུང་བར་གཞིགས་ན། བརྡ་ཐོ་དེ་ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་དངོས་སུ་གཤམ་སྤེལ་བྱས་པ་དང་འབྲེལ་པར་འགྲེམས་བྱས་ཉིན་ནས་བཟུང་ལག་བསྟར་བྱས་པ་དང་།འཇལ་བཅོལ་བྱེད་མཁན་གྱིས་རང་ཉིད་ཀྱི་དགོས་མཁོར་གཞིགས་ནས་དེ་མཚུངས་ཀྱི་དཔྱད་གཞིའི་ཡིག་ཆ་གྲ་སྒྲིག་བྱས་ཏེ་གཉེར་སྒྲུབ་བྱེད་དུ་འགྲོ་ཆོག་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
