ད་ལོའི་སྤྱི་ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ཐེངས་བཅུ་གཅིག་པ་ཡིན་ཞིང་། ཉེ་ཆར་ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་བརྡ་ཐོ་བཏང་ནས་རྒྱལ་ཡོངས་སུ2026ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོར་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་བྱེད་སྒོ་སྤེལ་རྒྱུའི་གཏན་ལ་ཕབ་པ་རེད།
བརྡ་ཐོར་ད་ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བྱེད་སྒོའི་གཙོ་དོན་ནི་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྒྱང་ལམ་གསར་པ་སྲུང་བ་ཞེས་པ་དེ་ཡིན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་ཕུན་སུམ་ཚོགས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ། དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་དྲྭ་རྒྱའི་དན་གྲངས་བདེ་འཇགས་དོ་དམ་སྲོལ་ཡིག་སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་སྒྲོག་ཤུགས་ཆེན་བྱ་རྒྱུའི་བླང་བྱ་བཏོན་པ་དང་། ས་བོན་བཅའ་ཁྲིམས་དང་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ཁྲོད་ཀྱི་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བ་ཡོད་པའི་གཏན་འབེབས་སྐོར་ལ་དྲིལ་སྒྲོག་ཁྱབ་གདལ་མཐར་ཕྱིན་བྱ་དགོས།
བརྡ་ཐོའི་བླང་བྱ་ལྟར་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཁྱད་ཆོས་གཙོ་དོན་བྱེད་སྒོ་སྤེལ་ཏེ། འགོ་ཁྲིད་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་སོགས་གཙོ་གནད་བྱ་ཡུལ་ལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏང་དགོས། དྲ་བ་དང་འཕྲིན་སྦྱོར་སྟེགས་བུ་སོགས་སྤྱོད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། རབ་བཏགས་རི་མོ་དང་བརྙན་ཐུང་། བརྙན་ཕྲན། འགུལ་བརྙན་སོགས་སྤྱད་ནས་མང་ཚོགས་ཀྱིས་ཉན་དགའ་མཐོང་སྤྲོའི་བྱེད་སྟངས་ནས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་རྒྱལ་ཁབ་བདེ་འཇགས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་སྒྲོག་འགྲེལ་གང་ལེགས་བྱས་པ་དང་ཆབས་ཅིག། ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁྲིམས་སྐྱོང་ཀྲུང་གོའི་བརྩམས་ཆོས་ཕུལ་བྱུང་བཤམ་སྤེལ་བྱེད་སྒོ་སྤེལ་ཏེ། རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་བརྩམས་ཆོས་ཕུལ་བྱུང་དྲིལ་སྒྲོག་བཤམ་སྤེལ་ལ་ཤུགས་བརྒྱབ་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཤེས་བྱ་དྲྭ་ཐོག་ནས་ལན་འདེབས་བྱེད་སྒོ་གཉེར་དགོས།
བརྡ་ཐོར་ནན་པོར་བསྟན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བཅའ་ཁྲིམས་སློབ་སྦྱོང་དང་ལག་ལེན་བསྟར་ཏེ། 2026ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་ཁྱབ་གདལ་དྲིལ་སྒྲོག་བྱེད་སྒོ་སྤེལ་རྒྱུ་དེ་གཙོ་གནད་ལས་འགན་ལ་བརྩིས་པ་དང་། ཆབ་སྲིད་ཁ་ཕྱོགས་ཡང་དག་པ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བརྟན་པོར་བཟུང་ནས་སློབ་སྦྱོང་དྲིལ་སྒྲོག་བྱ་དགོས། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བ་དང་། རྒྱལ་ཁབ་བདེ་འཇགས་མངའ་ཁོངས་ཀྱི་གཙོ་གནད་ནང་དོན་ལ་དམ་པོར་དམིགས་ཏེ། དམིགས་སའི་རང་བཞིན་གྱི་སྒོ་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་། བཅའ་ཁྲིམས་ཁྱབ་གདལ་ལས་ཀའི་ཕན་འབྲས་ཇེ་ཆེར་བཏང་ནས་ཕྱི་ཚུལ་རིང་ལུགས་སྔོན་འགོག་བྱ་དགོས།། ( བདེ་ཆེན་གྱིས་བསྒྱུར།)
