ཉེ་ཆར། ཀྲུང་ཀོང་ཉིང་རྡུལ་བོད་ལྗོངས་འདམ་གཞུང་དབུ་མ་ཐང་གི་འོད་གློག་དང་འོད་ཤུགས་ལ་བརྟེན་ནས་གཞི་གཅིག་ཅན་གྱི་ལས་གཞི་ཁྲོད་ཀྱི་ཀྲའོ་ཝད50ཡི་འོད་གློག་གློག་འདོན་ས་ཚུགས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཡུལ་ཤོག་ཏུ་དངོས་སུ་བསྐྲུན་འགོ་བཙུགས་པ་རེད། ཀྲུང་ཀོང་ཉིང་རྡུལ་འོད་གློག་ལག་རྩལ་གྱི་དབུ་བཞུགས་ཆེད་མཁས་པ་དབྱིན་ཧང་གིས་ལས་གཞི་དེའི་གནས་ཡུལ་མཚོ་འཕགས་སྨི4550ལ་ཟིན་པས་ད་སྔར་འཛམ་གླིང་དུ་མཚོ་འཕགས་མཐོ་ཤོས་ཀྱི་ཤུར་དབྱིབས་འོད་གློག་གློག་འདོན་ས་ཚུགས་ཡིན་པ་ངོ་སྤྲོད་བྱས།།
