国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཀྲུང་གོ་ཞིང་ལས་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ ཏང་ཨུའི་ཧྲུའུ་ཅི། མགོ་འཛིན་སུན་ཅིང་ཝུའེ་དང་བཅས་པར་མཇལ་འཛོམས་གནང་།

སྤྱི་ཟླ4པའི་ཚེས9ཉིན་གྱི་ཕྱི་དྲོར།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་དར་མདོ་རུ་ཀྲུང་གོ་ཞིང་ལས་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་ཏང་ཨུའི་ཧྲུའུ་ཅི། མགོ་གཙོ་སུན་ཅིང་ཝུའེ་དང་བཅས་པར་མཇལ་འཛོམས་གནང་བ་རེད། མཇལ་འཛོམས་གནང་རིང་ཕྱོགས་གཉིས་པོས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཞིང་ལས་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་གཉེར་སྐྱོང་འཕེལ་རྒྱས་ཀྱི་གནས་ཚུལ་སོ་སོར་ངོ་སྤྲོད་བྱས་པ་དང་འབྲེལ་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་མྱུར་འཛིན་བྱེད་པར་དམིགས་ནས་སྲིད་དངུལ་མཉམ་ལས་ཡང་དག་པ་བྱེད་པ་དང་དངུལ་རྩའི་ཞབས་ཞུ་ལེགས་སུ་གཏོང་བ། རང་ཁུལ་གྱི་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ཁྱད་ཆོས་ཞིང་འབྲོག། ཡུལ་སྡེ་དར་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། དངུལ་རྩའི་ཞབས་ཞུ་སྤུས་ཚད་མཐོན་པོས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་བ་སོགས་ནས་སྤེལ་རེས་ཟབ་མོ་དང་ངོས་འཛིན་གཅིག་མཐུན་བྱུང་ཡོད།

ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅིང་ཀྲའོ་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་ཏང་ཨུ་ཨུ་ཡོན། མགོ་གཙོ་གཞོན་པ་ཧྥེ་ཧན་བཅས་དང་ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན(ཚན་པ)གྱི་འགན་འཁུར་བློ་མཐུན་ཡང་ཞུགས་ཡོད།།( ལྷ་འཛོམས་ཀྱིས་བསྒྱུར།)