སྤྱི་ཟླ4པའི་ཚེས7ནས་ཚེས9ཉིན་བར།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་རུ་ཁག་གི་སྣེ་ཁྲིད་དེ་ལི་ཧྲན་དང་མེ་ཧྲན།གཡག་རྔ་གྲོང་ཁྱེར་བཅས་སུ་སོང་ནས་དེང་རབས་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་དང་། རང་ཁུལ་གྱི་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་།གྲོང་སྡེ་ཁྱོན་ཡོངས་ནས་དར་རྒྱས།གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་བཅས་ཡོང་བར་ཤུགས་ཆེན་བསྐུལ་བ་རེད།
ཧྲུའུ་ཏ་ཁྲུན་གྱིས་རྟོག་ཞིབ་རིང་ཁུལ་དང་རྫོང(གྲོང་ཁྱེར)གྱི་འབྲེལ་ཡོད་སྡེ་ཚན་ལ་སྔར་བས་དམ་འཛིན་དང་བྱ་སྤྱོད་སྤེལ་ནས། བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་ལོ་རྒྱུས་ཀྱི་ལས་འགན་ལ་དམིགས་ནས་མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་བྱས་ཏེ། ཁུལ་ཨུའི་ལྟེ་བའི་ལས་དོན་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས། ཁུལ་ཨུའི་ཞིང་སྡེ་ལས་དོན་གྲོས་ཚོགས་བཅས་ཀྱི་བཀོད་སྒྲིག་ལ་རྩེ་གཅིག་ཏུ་དམིགས་ནས་ལས་གཞི་དང་ཐོན་ལས།ཚོང་འགུག་བཅས་ལ་དམ་འཛིན་བྱ་། ཁུལ་ཡོངས་ཀྱི་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་ཆེན་བསྐུལ་ཏེ། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པ་དེ་མིག་མཐོང་ལག་ཟིན་ཐུབ་པ་དང་རྒྱུན་མཐུད་ཐུབ་པའི་ལྟེ་བའི་འགྲན་རྩོད་ནུས་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོར་འགྱུར་བ་བྱ་དགོས། ལྷག་པར་དུ་སྲིད་ཇུས་ཞིབ་འཇུག་བཀོལ་སྤྱོད་དང་།སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་།ཁེ་ལས་ཀྱི་འགུག་འདྲེན་གསོ་སྐྱོང་།གླིང་ཁུལ་གསར་སྐྲུན་རིམ་སྤར།་ཐོན་ལས་སྦྲེལ་ཐག་རྒྱ་སྐྱེད།ཐོན་རྫས་གསར་སྤེལ་ཁྱབ་གདལ།ས་ཁོངས་ཀྱི་སྤུས་རྟགས་གཏོད་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་རྒྱབ་སྐྱོར། ཚན་རིག་ལག་རྩལ་བཀོལ་སྤྱོད། སྐྱེལ་འདྲེན་ཟོག་འགྲེམས་འཕེལ་རྒྱས།ས་གནས་ཚོང་རྟགས་གྲགས་ཅན་བདེན་དཔང་ར་སྤྲོད་སོགས་ཀྱི་ཐད་ཉམས་མྱོང་སློབ་སྦྱོང་དང་གཙོ་གནད་དུ་ཤུགས་རྒྱག་དགོས། ཁོས་ཁུལ་ཞིང་འབྲེལ་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཁྲོམ་རའི་ཁྲིད་སྟོན་རྒྱུན་འཁྱོངས་ཏེ་དཀར་མཛེས་ཁུལ་གྱི་བརྩེ་སེམས་ཟབ་ཏུ་གཏོང་ཞིང་། ས་གནས་དང་ཁེ་ལས་བར་མཉམ་ལས་དམ་ཟབ་བྱས་ནས་ཁེ་ལས་འཕེལ་རྒྱས་དང་ས་གནས་འཕེལ་རྒྱས་བར་མཉམ་འགུལ་བཟང་པོ་ཡོང་གང་ཐུབ་བྱ་དགོས་ཞེས་སྐུལ་ལྕག་གནང་བ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
