国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་ཐབས་མང་མཉམ་དུ་སྤྱད་དེ་ཁྱད་ཆོས་ཞིང་འབྲོག་ལས་ འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ།

ད་ལོ་ནས་བཟུང་། རང་ཁུལ་གྱིས་མ་ལག་འཐུས་ཚང་གཏོང་བ་དང་།སྒྲིག་སྲོལ་རྒྱ་སྐྱེད་དང་ཐོན་འཕར།གྲུབ་ཆ་གཙོ་བོ་གསོ་སྐྱོང་།སྲིད་ཇུས་འགན་སྲུང་།ཚན་རྩལ་ནུས་པ་བཅས་ལ་བརྟེན་ནས་ཐབས་མང་མཉམ་སྤྱོད་ཀྱིས་ཁྱད་ཆོས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ་རེད།

རང་ཁུལ་གྱིས“གཙོ་ཁྲིད་ཐོན་ལས་ཆེན་པོ་གཉིས་ཀྱི་སྲོག་ཤིང་དང་མཉམ་སྡེབ་འཕེལ་རྒྱས་ཆེན་པོ་ལྔ། འགན་སྲུང་མ་ལག་ཆ་ཚང་གཅིག”གི་ཁྱད་ཆོས་ཐོན་ལས་ཀྱི་འཁོར་རྒྱ་སྟོབས་ཆེ་རུ་གཏོང་བའི་ལས་ཀའི་ཇུས་གཞི་བཟོས་པ་དང་། ཐོན་ལས་སྦྲེལ་ཐག་མཉམ་དུ་སྐུལ་བའི་ལམ་སྲོལ་བཙུགས་ནས《འབྲོག་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་དགུ》བཏོན་ཏེ་ཁྱད་ཆོས་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏང་བར་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་རེད།

དུས་མཚུངས་སུ། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་ལས་སྣོན་ལས་གཞི6དང་།རྒྱལ་ཁབ་དང་ཞིང་ཆེན་གྱི་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་གྱི་ལས་གཞི20ལག་བསྟར་བྱས་པ་དང་།སྔོ་ཚལ་མཁོ་སྤྲོད་འགན་ལེན་རྟེན་གཞི6འཛུགས་སྐྲུན་བརྟན་པོ་དང་རྒྱ་སྐྱེད་བཏང་བ།རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ལྡན་ཤིང་འབྲས་ཐོན་ལས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་བ། སྔོ་ཚལ(བཟའ་བྱའི་ཤ་མོ)གྱི་ལོ་རེའི་ཐོན་ཚད་ཏུན་ཁྲི50.34ལ་ཟིན་པ་དང་བརྒྱ་ཆ4.2འཕར་བ། ཤིང་ཏོག་ལོ་རེའི་ཐོན་ཚད་ཏུན་ཁྲི3.59ལ་ཟིན་པ་དང་བརྒྱ་ཆ8.7འཕར་བ་རེད།

རང་ཁུལ་གྱིས་ཐོག་མར་ཞིང་ཆེན་དང་ཁུལ་གྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་པོར་ངོས་འཛིན་བྱས་པའི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི95དང་། ཁུལ་རིམ་པའི་ནོར་སྲིད་ཀྱི་ཆང་སྙོལ་རྒུན་འབྲུམ་གྱི་ཁ་གསབ་མ་དངུལ་སྒོར་ཁྲི277ཁ་ཐོག་ལག་བཞག་བྱས་ཏེ། སྡེ་རོང་རྫོང་གི་རི་མཐོའི་རྒུན་འབྲུམ་ཨ་རག་ཐོན་ལས་ལག་རྩལ་གྱི་ཚད་གཞི་ཁག13ལ་རྒྱབ་སྐྱོར་བྱས་པ་རེད།《དཀར་མཛེས་ཁུལ་ཞིང་ལས་ཚན་རྩལ་གསར་གཏོད་ཁྱབ་གདལ་གྱི་བྱ་ཐབས་ཁག་དྲུག》བཏོན་ནས་ཁྱད་ཆོས་ཞིང་འབྲོག་ལས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག2275གསོ་སྐྱོང་བྱས་པ་དང་།“ཡུལ་གྲོང་གི་གཞི་རིམ་ཞིང་ལས་ལག་རྩལ་མི་སྣ་སྟོང་ལ་གསོ་སྦྱོང་བྱེད་པའི”བྱ་སྤྱོད་ལག་ལེན་བསྟར་ནས་ཚན་རྩལ་ཤེས་ལྡན་མི་སྣའི"གྲོང་སྡེ་འགན་གཙང་ལེན་པའི་དུད་སྦྲེལ"ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)