ངས་རྒྱང་རིང་ནས་ནམ་མཁའ་ལ་བལྟས་ཏེ།
སྟོང་སེམས་ཀྱི་རྨི་ལམ་དུ་དཔྱིད་ཀ་བསུས།
མེ་ཏོག་གི་དྲི་བསུང་ཁྲོད།
སླར་ཡང་མེ་ཏོག་གི་ས་བོན་བཏབ།
ཆར་ཆུ་དང་བསིལ་རླུང་འོག།
མེ་ཏོག་ལ་རེ་སྒུག་བྱས།
ངས་རྒྱང་རིང་ནས་དབྱངས་རྟ་ལ་ཉན་ཏེ།
འཚོ་བ་དང་དགའ་སྐྱོའི་ཀློང་ནས་
དཔྱིད་ཀ་བསུས།
ཁུ་བྱུག་གི་འགྱུར་ཁུག་གསེང་།
སླར་ཡང་དབྱངས་རྟ་ཞིག་དཀྲོལ།
ལྗོན་ཤིང་ཚོས་འགོ་ལྕོག་ལྡེམ་རྗེས།
དབྱངས་རྟ་དེར་རེ་སྒུག་བྱས།
ངས་རྒྱང་རིང་ནས་ཟླ་འོད་ལ་བལྟས་ཏེ།
ཚོར་བ་ཡི་འདུན་མའི་ཁྲོད་ནས་
དཔྱིད་ཀ་བསུས།
ལོ་ཟླ་ཡི་འཕོ་འགྱུར་གསེབ་ཏུ།
སླར་ཡང་དུས་ཚིགས་དེ་དྲན།
སྐར་ཚོགས་ཀྱི་ཟློས་གར་འཁྲབ་དུས།
ངས་ཟླ་འོད་གཅིག་ལ་རེ་སྒུག་བྱས།
༼ དབྱངས་ཞི་བ། ༽
