国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

དམངས་ཡོངས་ཀྱི་ལྟ་ཀློག་ལ་སྐུལ་འདེད་བཏང་སྟེ་རིག་དཔལ་དར་བའི་སྤྱི་ཚོགས་སྐྲུན་དགོས།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ4ཚེས15ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ4ཚེས16ཉིན་དཔེ་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བརྒྱད་པའི་ཐོག། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དམངས་ཡོངས་ཀྱི་ལྟ་ཀློག་ལ་སྐུལ་འདེད་བཏང་སྟེ་རིག་དཔལ་དར་བའི་སྤྱི་ཚོགས་སྐྲུན་དགོས》ཞེས་པ་འགོད་རྒྱུ་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2013ལོའི་ཟླ3པ་ནས2025ལོའི་ཟླ3པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཤིག་རེད།

རྩོམ་ཡིག་ནང་བསྟན་དོན། ལྟ་ཀློག་ནི་མིའི་རིགས་ཀྱིས་རིག་གནས་སྦྱོང་བ་དང་། བློ་རིག་འཕེལ་བ། ཀུན་སྤྱོད་སྐྱོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མི་རྣམས་ལ་བློ་སྐྱེད་བྱུང་ནས་བླ་ན་མེད་པའི་ཕུགས་བསམ་སྐྱེད་སྲིང་དང་གཞུང་སེམས་དྲང་པོ་དང་བློ་སྟོབས་ཆེན་པོ་འཕེལ་ཐུབ། ལོ་རྒྱུས་སྦྱངས་ན་རྒྱལ་ཕམ་ཤེས་པ་དང་། ཐོབ་ཤོར་དཔྱད་ཆོག་ལ། དར་རྒུད་ཀྱང་ཤེས་ཐུབ། སྙན་ངག་སྦྱངས་ན་བརྩེ་བ་ཟབ་ཏུ་འགྲོ་བ་དང་། བློ་སྟོབས་འཕེལ་ཐུབ་ལ། བློ་རིག་ཀྱང་རྒྱས་ཐུབ། མི་ཆོས་སྦྱངས་ན་ཁྲེལ་གཞུང་ཤེས་ཐུབ་པ་དང་། གཟི་ཁྲེལ་རྟོགས་ཐུབ་ལ། ཡིན་མིན་གསལ་རྟོགས་ཀྱང་བྱེད་ཐུབ། དེས་ན་དཔེ་དེབ་མང་ཙམ་ལྟ་ཀློག་བྱེད་པའི་འབོད་སྐུལ་བྱས་ཏེ་རིག་དཔལ་དར་བའི་སྤྱི་ཚོགས་བསྐྲུན་ནས་མི་དམངས་ཀྱི་བསམ་བློའི་གནས་ཚད་ཟམ་མི་ཆད་པར་མཐོ་རུ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་བཏང་ན། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འཇིག་རྟེན་གྱི་ནང་དོན་དེ་བས་གཏིང་ཟབ་ཏུ་འགྲོ་ཐུབ།

རྩོམ་ཡིག་ནང་བསྟན་དོན། གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་བཀླགས་ནས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་རྟོགས་པར་བྱེད་པ་དེ་ཉིད་འཚོ་བའི་གོམས་གཤིས་དང་། བསམ་པའི་དོན་གཉེར་ཞིག་ཏུ་བརྩིས་ཏེ་གསུང་རབ་ལ་བརྟེན་ནས་སྤྱོད་བཟང་སྐྱོང་སྤེལ་བྱེད་པ་དང་། བསམ་བློར་ཞུན་བརྡར་གཏོང་བ། གནས་ཚད་མཐོ་རུ་གཏོང་བ། ལག་ལེན་ལ་མཛུབ་ཁྲིད་བཅས་བྱེད་དགོས། ལས་བྱེད་པས་ལས་ཀ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་དགོས་ཤིང་། ལས་ཀ་ཅི་ཞིག་བྱས་ཀྱང་དེའི་སྐོར་སྦྱོང་བ་དང་མི་འདང་ས་དེ་སྦྱོང་དགོས།( པར་ངོས་གསུམ་པར་གཟིགས། )