国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐབས་བཅུ་གསུམ་པའི་ཁུལ་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པ་འཚོག་འགོ་བཙུགས།

ཀྲའོ་པོ་ཡིས་འགོ་འཛུགས་ཚོགས་འདུ་གཙོ་སྐྱོང་དང་འགོ་འཛུགས་པའི་ཁྱབ་བསྒྲགས་གནང་། དབྱང་ཧུང་ཧྲོའུ་དང་ཧྲུའུ་ཏ་ཁྲུན།ཝང་ཡུས་ཆུང་བཅས་ཚོགས་འདུར་ཞུགས།

6872_01B_20260417སྤྱི་ཟླ4པའི་ཚེས16ཉིན་གྱི་ཕྱི་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པ་ལྕགས་ཟམ་རྫོང་དུ་འཚོག་འགོ་བཙུགས།

སྤྱི་ཟླ4པའི་ཚེས16ཉིན་གྱི་ཕྱི་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པ་ལྕགས་ཟམ་རྫོང་དུ་འཚོག་འགོ་བཙུགས་ཤིང་། ཚོགས་ཆེན་དུ་ཞུགས་དགོས་པའི་འཐུས་མི274ཡིན་པ་དང་དངོས་སུ་ཞུགས་པའི་འཐུས་མི241ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་ཡོད།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲའོ་པོ་ཡིས་འགོ་འཛུགས་ཚོགས་འདུ་གཙོ་སྐྱོང་གནང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་དང་། ཝང་ཡུས་ཆུང་། ཀའོ་ཀྲན། ཝང་ཞིང་ཆོན། སྐལ་བཟང་གཡུང་དྲུང་། ཕུའུ་ཡུང་ཧྥེང་། རིན་ཆེན། ཝང་ཆང་། དབྱང་ཧུའེ་ཆིང་། ཁྲེན་ཀྲི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུར་བཞུགས། ཕྱི་དྲོའི་ཆུ་ཚོད3པར་ཀྲའོ་པོ་ཡིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པ་འགོ་འཛུགས་པའི་ཁྱབ་བསྒྲགས་གནང་། ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་། འགོ་འཛུགས་ཚོགས་འདུར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པའི་འདེམས་བསྐོའི་བྱ་ཐབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ཀྲུའུ་ཞི་ཚོགས་པའི་ཁོངས་མི་མིན་པའི་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་། དཀར་མཛེས་ཡན་ལག་དམག་ཁུལ། དྲག་ཆས་ཉེན་རྟོག་དཀར་མཛེས་ཡན་ལག་རུ་ཁག། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་བློ་མཐུན་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་། སི་ཁྲོན་མི་རིགས་སློབ་གླིང་། དཀར་མཛེས་ལས་རིགས་སློབ་གླིང་། དཀར་མཛེས་རྒྱལ་ཁབ་བདེ་འཇགས་ཅུས་བཅས་ཀྱི་མགོ་ཁྲིད་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)