国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་དར་མདོ་རུ2026ལོའི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས།

6678_01B_20260415ཀྲའོ་པོ་སོགས་ཁུལ་གྱི་མགོ་ཁྲིད་རྣམས2026ལོའི་དམངས་ཡོངས་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་བཞིན་པ།

སྤྱི་ཟླ4ཚེས14ཉིན་གྱི་སྔ་དྲོར།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལས་ཚབ་དབྱང་ཧུང་ཧྲོའུ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་བཅས་དར་མདོ་གྲོང་ཁྱེར་གཡག་རྭ་ཡུལ་ཤོག་གྲོང་འགོ་གྲོང་རྡལ་དུ་ཕེབས་ནས2026ལོའི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་རེད།

ཤིང་འཛུགས་བྱ་ཡུལ་དུ་ཀྲའོ་པོ་ཡིས་ལས་ཀ་གནང་ཞོར་སྡོང་ཕྲུག་གི་སོན་བཟང་དང་།སྐྱེ་འཚར་གྱི་གོམས་གཤིས།གསོན་ཚད་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་།བདག་སྐྱོང་གི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ་སྡོང་པོ་གཅིག་འཛུགས་ན་གཅིག་གསོན་ཐུབ་པ་དང་།ཡུག་གཅིག་འཛུགས་ན་ཡུག་གཅིག་སྔོ་ལྗང་དུ་འགྱུར་བ་བཅས་ཀྱི་འགན་ལེན་ཏན་ཏིག་བྱ་དགོས།ཚང་མའི་འབད་བརྩོན་འོག་གསར་དུ་བཙུགས་པའི་སྡོང་ཕྲུག་དག་དཔྱིད་ཀྱི་དུས་བཟང་དང་བསྟུན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱ་དགོས་ཞེས་གསུངས།

ཤིང་འཛུགས་བྱེད་རིང་ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་ཡིས་ཁུལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་། ནགས་དཔོན་ལམ་ལུགས་ལག་བསྟར། རྒྱལ་ཁོངས་ལྗང་འགྱུར་སོགས་ཀྱི་ལས་དོན་གནས་ཚུལ་སྙན་ཞུར་གསན་པ་རེད། ཀྲའོ་པོ་ཡིས་གསུངས་དོན། ཤིང་འཛུགས་ནགས་བཟོ་དང་ཁྱིམ་གཞིས་སྔོ་ལྗང་ཅན་དུ་འགྱུར་བ་ནི་དེང་རབས་ལ་བྱས་རྗེས་བཞག་པ་དང་ཕན་པ་ཡོད་པའི་དམངས་འཚོའི་ལས་གྲྭ་དང་སྐྱེ་ཁམས་ལས་གྲྭ་ཞིག་རེད། ( པར་ངོས་གསུམ་པར་གཟིགས། )