■ སྤྱི་ཟླ4པའི་ཚེས14ཉིན། སྐབས་བཅུ་གསུམ་པའི་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཅིག་པ་དར་མདོར་འཚོགས་ཤིང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད། ཚོགས་འདུར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་བསྐུལ་བའི་བཅའ་ཁྲིམས》དང《སི་ཁྲོན་ཞིང་ཆེན་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་དང་ཞིབ་བཤེར་སྲོལ་ཡིག》དང་སྐབས་བཅུ་བཞི་པའི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་སྙིང་དོན་གཅིག་བསྡུས་སློབ་སྦྱོང་དང་། སྐབས་བཅུ་གསུམ་པའི་ཁུལ་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པ་དང་། དྲུང་ཡིག་ཆེན་མོའི་མཚན་ཐོ(འཆར་ཟིན)དང་ཟུར་ཞུགས་མི་སྣའི་མཚན་ཐོ(འཆར་ཟིན)།འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྙན་ཞུ་དང་འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་གྲོས་གཞིར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། བསྐོ་གཞག་བྱས་པའི་མི་སྣར་བསྐོ་གཞག་ཡི་གེ་སྤྲད་དེ་གསར་དུ་བསྐོ་གཞག་བྱས་པའི་མི་སྣའི་རྩ་ཁྲིམས་དམ་འཇོག་མཛད་སྒོ་སྤེལ་བ་རེད།།
■ སྤྱི་ཟླ4པའི་ཚེས13ཉིན། ཁུལ་སྲིད་གྲོས་ཀྱིས་དར་མདོར“དམིགས་པ་གསུམ་དང་བརྩོན་ལེན་གསུམ”གྱི་ལས་དོན་དང“བློ་སེམས་གཅིག་མཐུན་གྱིས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་མཉམ་སྐྲུན་ལག་ལེན་བྱ་སྤྱོད”དང“དོན་དག་ཡོད་ཚེ་གྲོས་མོལ་བྱེད”སོགས་ཀྱི་གཙོ་དོན་དཔེ་ཀློག་བྱེད་སྒོ་དང་གཙོ་གནད་ལས་དོན་ཁག་གསུམ་ལ་བསྐུལ་བའི་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཚན་ཁག་གི་ཧྲུའུ་ཅི་ཝང་ཡུས་ཆུང་ཚོགས་འདུར་ཞུགས། ཚོགས་འདུར་བསྟན་དོན།“དམིགས་པ་གསུམ་དང་བརྩོན་ལེན་གསུམ”གྱི་ལས་དོན་ནི་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་། ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་།ཞིང་ཆེན་སྲིད་གྲོས་ཀྱི“སེམས་པ་བཞི་དང་སྣེ་ཁྲིད་གཅིག”གི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་པའི་ལྟེ་བའི་དམ་འཛིན་བྱ་གཞི་ཞིག་དང་། ཁུལ་ཨུའི“བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ”གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
