国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི་བདེ་འཇགས་བརྟན་བརླིང་གི་གཙོ་གནད་ལས་ཀའི་སྐུལ་སྤེལ་ཚོགས་འདུར།

སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཆང་བ། བདེ་འཇགས་འགན་ལེན་དང་བརྟན་བརླིང་སྲུང་སྐྱོང་གི་བྱེད་ཐབས་དོན་ཐོག་ལ་ཞིབ་ཚགས་འཁྱོལ་བ་བཅས་བྱས་ནས་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་དུས་བདེའི་རྨང་གཞི་བརྟན་པོ་གདིང་དགོས་ཞེས་གསུངས།

སྤྱི་ཟླ4ཚེས15ཉིན་ཁུལ་ཡོངས་ཀྱི་བདེ་འཇགས་བརྟན་བརླིང་གཙོ་གནད་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱ་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་མཐར་ཕྱིན་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་བོད་བརྟན་ཁམས་བདེའི་འཐབ་ཇུས་གནད་ས་སྲ་བརྟན་མངོན་འགྱུར་གྱི་གན་འཁྲི་ཆེན་པོ་བརྟན་པོར་ཁུར་བ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཆང་བ། བདེ་འཇགས་འགན་ལེན་དང་བརྟན་བརླིང་སྲུང་སྐྱོང་གི་བྱེད་ཐབས་དོན་ཐོག་ལ་ཞིབ་ཚགས་འཁྱོལ་བ་བཅས་བྱས་ནས་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་དུས་བདེའི་རྨང་གཞི་བརྟན་པོ་གདིང་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་ཚོགས་འདུར་ཞུགས་ཡོད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་ཚོགས་འདུར་ཞུགས་ཤིང་འབྲེལ་ཡོད་གཙོ་གནད་ལས་ཀ་བཀོད་སྒྲིག་གནང་།

( པར་ངོས་གསུམ་པར་གཟིགས། )