国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུང་དཀར་ལུང་པས་དཔྱིད་རྨོད་དུས་བཟང་བསུས།

དཔྱིད་ཀ་སླེབས་པ་ན་དུང་དཀར་ལུང་པ་ལྗོངས་ཁུལ་གྱིས་རྨང་གཞི་བརྟན་དུ་བཏང་ནས་མཐིལ་ཚད་སྲུང་བ་དང་།ཐོན་སྐྱེད་ཀྱིས་ཐོན་འཕར་ལ་བསྐུལ་བ།ལོ་ལེགས་ཡོང་བར་ཞབས་འདེགས་ཞུ་བ་བཅས་བྱེད་ཐབས་སྣ་མང་སྤྱད་ནས་དཔྱིད་རྨོད་ལ་བྲེལ་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་ཞིང་ལས་རྒྱུ་ཆས་ཁྲོམ་རར་ཆེད་དོན་ཞིབ་བཤེར་ཐེངས10བྱས་ནས་འབྱུང་རྩ་ནས་ཉེན་མེད་མཐིལ་ཚད་སྲུང་བ་དང“ཆེད་རམས་པ་གྲོང་སྡེར་བསྐྱོད་པ”ལ་བརྟེན་ནས་ལག་རྩལ་མཛུབ་ཁྲིད་ཐེངས11བྱས་པ་དེ་སྲིད་འཛིན་གྲོང་སྡེ14ཡི་དུད་ཚང1800ལྷག་ལ་ཁྱབ་ཡོད།སོན་བཟང་ཁྱབ་ཚད་བརྒྱ་ཆ85ལ་ཟིན་པ་དང་ནད་འབུའི་གནོད་འཚེ་ཐོན་ཚད་དུས་མཚུངས་ལས་བརྒྱ་ཆ12ཆག་ཡོད།

དཔྱིད་འགོར་ལོ་ཏོག་འདེབས་ཁྱོན་མུའུ3250དང་།འབྲུ་སྣུམ་ལོ་ཏོག་མུའུ3200འདེབས་པ་དང་། ཁྱད་ལྡན་དཔལ་འབྱོར་ལོ་ཏོག་མུའུ3350འདེབས་པ། ལོ་ཏོག་སྐྱེ་འཚར་བརྟན་ཞིང་ཐོན་ལས་ཁྱབ་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།དེ་དང་ཆབས་ཅིག་གནོད་འཚེའི་སྔོན་ཚུན་ཉེན་བརྡའི་ཆ་འཕྲིན་དོན་ཚན10བསྒྲགས་ནས་ཞིང་དུད་ཀྱིས་གནམ་གཤིས་བཟང་པོ་དམ་འཛིན་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།།

( ཀུན་དགས་བྲིས།)