国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོ་གྲོང་ཁྱེར་དཔའ་སྲེག་རོང་ཡུལ་མིའི་གནས་ཚང་གིས་ཡུལ་སྡེའི་ དཔལ་འབྱོར་ལ་སྒུལ་ནུས་གསར་པ་བསྩལ།

6896_02B_20260420དཔའ་སྲེག་རོང་ཡུལ་ཤོག་འཇིག་རྟེན་གྲོང་སྡེ།

དར་མདོ་གྲོང་ཁྱེར་དཔའ་སྲེག་རོང་ཡུལ་ཤོག་གིས་གཅིག་ནས་རིགས་དབྱེ་སྟེ་ཐུན་མིན་གྱི་ཁྱད་ཆོས་གཏོད་པ་སྟེ། བོད་ཁྱིམ་གྱི་ཁྱད་ཆོས་དོད་ལ་གངས་རི་དང་སྐར་ཚོགས་ལ་རྒྱང་གཟིགས་ཆོག་པའི་གཙོ་དོན་ལ་གཞིགས་ནས་བེད་མེད་དུ་ལུས་པའི་ཡུལ་མིའི་སྡོད་ཁང58ལ་བོད་ལུགས་ཀྱི་ཉམས་འགྱུར་སོར་འཇོག་དང་དེང་རབས་ཀྱི་བྱེད་ནུས་དང་སྦྲགས་ཏེ་སྒྱུར་བཀོད་བྱས་ནས་ལོ་རེར་ཆ་སྙོམས་ཡུལ་སྐོར་བ་ཁྲི2.5ལྷག་ལ་སྣེ་ལེན་ཞུས་པ་དང་།དུད་ཚང་རེ་རེར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་ཁྲི3.4འཕར་ནས་བེད་མེད་དུ་ལུས་པའི་ཐོན་ཁུངས་དེ་འབབ་འཕར་རྒྱུ་ནོར་དུ་བསྒྱུར་བ་རེད།

གཉིས་ནས་མཉམ་འདྲེས་ཀྱིས་སྤུས་ཚད་མཐོ་རུ་འདེགས་པ་སྟེ།མི་ཉག་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་ཡུལ་མིའི་གནས་ཚང་།སྐྱེ་ཁམས་ཡུལ་སྐོར་བཅས་མཉམ་འདྲེས་ཟབ་པོ་བྱས་ཏེ་ཡུལ་མིའི་གནས་ཚང48ལས་མི་ཉག་རྒྱན་གོས་དང་ལ་གླུ། སྐོར་བྲོ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་ལ་རིན་མི་དགོས་པར་ཡུལ་སྐོར་བ་རྣམས་ཀྱིས་ཉམས་ལེན་བྱ་ཆོག་པ་དང་།རི་སྐྱེས་ཤ་མོ་འཐུ་བ་དང་། མཁའ་དབྱིངས་ཀྱི་སྐར་ཚོགས་མཐོང་བའི་ཐང་ནས་སྒར་རྒྱག་པ། ཚ་ཆུ་འཁྲུད་པ་སོགས་རིན་ཡོད་ཞབས་ཞུ་བཅས་ནས་ཡུལ་སྐོར་བ་རྣམས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་ལ་མྱོང་རོལ་ཐུབ་པར་བྱས་ཏེ་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྦྲེལ་ཐག་ནུས་ལྡན་ངང་སྣུར་སྲིང་བྱས་པ་རེད།

གསུམ་ནས་མཉམ་སྐྲུན་ཕན་འབྲས་ཆེ་རུ་བཏང་བ་སྟེ། གྲོང་ཚོ་ཐུན་མོང་དང་ཁེ་ལས། ཞིང་དུད་བཅས་མཉམ་འབྲེལ་རྣམ་པའི་ཐོག་ནས་ཁེ་ལས་གཉིས་ནང་འདྲེན་བྱས་ཏེ་གྲོང་ཚོ་ཐུན་མོང་གིས་བེད་མེད་དུ་ལུས་པའི་རྩྭ་ས་དང་ཁང་པ་མ་རྐང་ནང་ཞུགས་ནས་སྐར་ཚོགས་མཐོང་བའི་གུར10དང་།པདྨ་མཚོ་ཡུལ་སྐོར་བའི་ཕྱོགས་བསྡུས་ཞབས་ཞུའི་འགྲུལ་ཁང1བཅས་བསྐྲུན་པ་དང་། ལོ་ལྟར་གྲོང་ཚོ་ཐུན་མོང་ལ་ཁེ་སྤོགས་སྒོར་ཁྲི20ལྷག་བགོས་ཏེ་ཁེ་ལས་ལ་ཁེ་སྤོགས་དང་། ཐུན་མོང་ལ་འབབ་འཕར། མང་ཚོགས་ལ་ཕན་ཐོགས་བཅས་ཕྱོགས་མང་པོར་ཕན་ནུས་ཐོབ་པ་བྱས་ཡོད་དོ།།

( ནོར་བུས་བྲིས།)