རང་རྒྱལ་གྱི《ཉེས་ཁྲིམས》ཀྱི་དོན་ཚན263པའི་གཏན་འཁེལ་ལྟར་ན། དྲག་ཤུགས་དང་བཙན་ཤེད་དམ་བྱེད་ཐབས་གཞན་དག་ལ་བརྟེན་ནས་གཞུང་དང་སྒེར་གྱི་རྒྱུ་ནོར་འཕྲོག་བཅོམ་བྱས་པའི་རིགས་ལ། དུས་བཀག་བཙོན་འཇུག་ལོ3ནས་ལོ10མན་བར་གྱི་ཉེས་ཆད་གཅོད་པར་མ་ཟད། དངུལ་ཆད་ཀྱང་གཅད་རྒྱུ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་དུས་བཀག་བཙོན་འཇུག་ལོ10ཡན་དང་ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་པར་མ་ཟད། དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཀྱང་གཅད་རྒྱུ།
( གཅིག) ཁྱིམ་དུ་འཛུལ་ཏེ་འཕྲོག་བཅོམ་བྱས་པའི་རིགས།
( གཉིས།) སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་འཕྲོག་བཅོམ་བྱས་པའི་རིགས།
( གསུམ།) དངུལ་ཁང་ངམ་དངུལ་རྩའི་ལས་ཁུངས་གཞན་དག་ཏུ་འཕྲོག་བཅོམ་བྱས་པའི་རིགས།
( བཞི།) ཐེངས་མང་པོར་འཕྲོག་བཅོམ་བྱས་པའམ་གྲངས་འབོར་ཆེ་བའི་རིགས།
( ལྔ།) འཕྲོག་བཅོམ་བྱས་ནས་མིའི་ཚེ་སྲོག་ལ་རྨས་སྐྱོན་ཚབས་ཆེན་ནམ་ཤི་སྐྱོན་བཟོས་པའི་རིགས།
( དྲུག ) དམག་མི་དང་ཉེན་རྟོག་པར་བརྫུས་ནས་འཕྲོག་བཅོམ་བྱས་པའི་རིགས།
( བདུན།) མདའ་བོའུ་བཟུང་ནས་འཕྲོག་བཅོམ་བྱས་པའི་རིགས།
( བརྒྱད།) དམག་སྤྱོད་དངོས་རྫས་སམ་ཉེན་འགོག་མྱུར་སྐྱོབ་དང་རྒུད་སྐྱོབ། དབུལ་སྐྱོབ་བཅས་ཀྱི་དངོས་རྫས་འཕྲོག་བཅོམ་བྱས་པའི་རིགས་བཅས་ཡིན།།
( ཀུན་དགས་བསྡུས།)
