国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཆང་བ། བདེ་འཇགས་འགན་ལེན་དང་བརྟན་བརླིང་སྲུང་སྐྱོང་གི་བྱེད་ཐབས་དོན་ཐོག་ལ་ཞིབ་ཚགས་འཁྱོལ་བ་བཅས་བྱས་ནས་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་དུས་བདེའི་རྨང་གཞི་བརྟན་པོ་གདིང་དགོས།

( པར་ངོས་དང་པོར་མཐུད།) ཚོགས་འདུར་བསྟན་དོན། མིག་སྔར་དཀར་མཛེས་ཁུལ་གྱི་བདེ་འཇགས་བརྟན་བརླིང་ལས་དོན་སྤྱིའི་ཆ་ནས་ལེགས་སུ་འགྲོ་བཞིན་ཡོད་མོད། ཡིན་ན་ཡང་སྔར་བཞིན་གནད་དོན་དང་འགྲན་སློང་མང་པོ་འཕྲད་ཡོད་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་། བྱེད་ཐབས་ཞིབ་ཚགས་དང་ཞན་ཆ་གསབ་ནས་ཚད་གཞི་དེ་བས་ནན་པོ་དང་། སྤྱོད་ཚུལ་དེ་བས་དོ་དན། འགན་འཁྲི་དེ་བས་ཆེ་བ་ཁུར་ཕོད་པ་བཅས་ཀྱི་ཐོག་ནས་ལས་དོན་ཁག་དེ་བས་དམ་འཛིན་དང་། དེ་བས་ཏན་ཏིག། དེ་བས་ཞིབ་ཚགས་བཅས་བྱས་ཏེ་བདེ་འཇགས་ཆུ་ཚད་མཐོན་པོས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འགན་ལེན་བྱ་དགོས། ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་དང་། མཐིལ་ཚད་ཀྱི་བསམ་བློ་བརྟན་པོར་བཅང་དགོས། ཕྱོགས་གང་ཅིའི་ཐད་ཀྱི་འགན་འཁྲི་དམ་ནན་བྱེད་ཅིང་། གཙོ་གནད་ཁྱབ་ཁོངས་དང་གནད་ཐུག་ས་ལ་དམིགས་ཤིང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དང་དགོན་སྡེར་སྤེལ་བའི་ལག་ལེན་བྱ་སྤྱོད་གཞི་སྟེགས་སུ་བྱས་ནས་མང་ཚོགས་སྐུལ་སློང་དང་མཉམ་དུ་བཅོས་སྐྱོང་ནུས་པ་འདོན་སྤེལ་བྱས་ནས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་ལས་ཀ་ཤུགས་ཡོད་རྒུས་ཡག་མོ་བསྒྲུབ་དགོས།། ཁྲིམས་ལྟར་དགོན་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། ཁྲིམས་མཐུན་སྲུང་སྐྱོང་དང་ཁྲིམས་འགལ་བཀག་སྡོམ། ཐལ་སྤྱོད་བཙན་སྡོམ། སིམ་འཛུལ་འགོག་རྒོལ། ཉེས་བསགས་རྡུང་རྡེག་བྱེད་པ། ཆོས་ལུགས་ཀྱི་ཟང་ཟིང་སྣང་ཚུལ་ཁྲིམས་ལྟར་དག་ཐེར་བཅོས་སྐྱོང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བཅས་བྱས་ནས་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་དགོས།

ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མི་ཆད་པར་ཟབ་སྤེལ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ།སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་འགོག་སེལ་དང་ཡིག་སྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་དུ་རྒྱུན་མཐུད་ངང་སྐུལ་བ་བཅས་བྱས་ནས་མང་ཚོགས་དཀའ་ངལ་ཆེ་བ་དང་སེམས་ཁྲེལ་ཆེ་བའི་གནད་དོན་ཐག་གཅོད་པར་བརྩོན་དགོས། གནོད་འགོག་གནོད་བསྙུང་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་འབྲུབ་འགོག་གནོད་བསྙུང་དང་། ས་གཤིས་གནོད་འཚེ་འགོག་བཅོས། ནགས་རྩྭ་ཐང་མེ་ཟོན་མེ་གསོད་སོགས་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་ཚགས་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་པ་བཅས་བྱས་ནས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ། ས་གཤིས་གནོད་འཚེ་འཚུབ་བསྟུན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་ཀྱིས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་ཏན་ཏིག་བརྒྱབ་སྟེ། གཅིག་གྱུར་འཆར་འགོད་ཀྱིས་མཉམ་འགུལ་ལ་དོ་སྣང་བྱས་ཏེ་འགན་འཁྲི་བརྒྱུད་ཁྲིད་དང་ལམ་སྲོལ་འཐུས་ཚང་། དྲིལ་སྒྲོག་ཁྲིད་སྟོན་བཅས་གཞི་གཅིག་ཏུ་བསྐུལ་ཏེ། མཉམ་འཛིན་སྤྱི་སྒྲུབ་ཀྱི་འགྲིལ་ཤུགས་ལ་བརྟེན་ནས་བདེ་འཇགས་བརྟན་བརླིང་གི་ཁྱོན་ཡོངས་བསྲུང་དགོས།

ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)ཁག་ཏུ་འཚོགས་པ་དང་། འབྲེལ་ཡོད་ཁུལ་གྱི་མགོ་ཁྲིད་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན། རྫོང(གྲོང་ཁྱེར)ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)