国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་དར་མདོ་རུ2026ལོའི་དམངས་ཡོངས་ཀྱི་འོས་འགན་ཤིང་ འཛུགས་བྱེད་སྒོར་ཞུགས།

( པར་ངོས་དང་པོར་མཐུད།) ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཆང་ཞིང་ལག་ལེན་བསྟར་བ། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་ནན་པོ་བསྟར་བ། རང་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་ལ་གཞི་ཚུགས་པ། སྔོ་ལྗང་རྒྱ་བསྐྱེད་དང་སྔོ་ལྗང་དར་སྤེལ། སྔོ་ལྗང་སྲུང་སྐྱོང་བཅས“སྔོ་ལྗང་གསུམ”མཉམ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་གནས་ཁག་གི་སྔོ་ལྗང་འགྱུར་བའི་བྱ་སྤྱོད་ལ་སྐུལ་བ། ཆུ་ཚད་མཐོན་པོས“ནགས་ཚལ་མཛོད་བཞི”བསྐྲུན་ཏེ་མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་གྱི་སྔོ་ལྗང་རྨང་གཞི་རྒྱ་བསྐྱེད་དང་།རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གསར་འཛུགས་གྲུབ་འབྲས་མུ་མཐུད་དེ་རྒྱ་བསྐྱེད་གཏང་དགོས། མིག་སྔར་ནགས་རྩྭར་མེ་སྐྱོན་ཐེབས་པའི་ཉེན་ཆེའི་དུས་སྐབས་ཡིན་པས་རིམ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་ཉེན་མེད་ཡོང་བར་དམ་འཛིན་དང་ནགས་རྩྭ་མེ་ཟོན་མེ་གསོད་ལས་དོན་ཁག་དམ་འཛིན་ཞིབ་ཚགས་བྱས་ཏེ་ཁྱོན་ཡོངས་ནས་མང་ཚོགས་ཀྱིས་མཉམ་འགོག་མཉམ་སྐྱོང་གི་ཉེན་མེད་སྲུང་ཡོལ་བརྟན་པོ་བསྐྲུན་ནས་ནགས་རྩྭ་མེ་སྐྱོན་ཚབས་ཆེན་མི་ཐོན་པའི་མཐིལ་ཚད་མཐའ་གཅིག་ཏུ་བསྲུང་དགོས།

བསྡོམས་རྩིས་བྱས་པར་གཞིགས་ན། 2025ལོར་ཁུལ་ཡོངས་སུ་ཁྱོན་མི་ཁྲི44.21འོས་འགན་ཤིང་འཛུགས་ནང་ཞུགས་པ་དང་རིམ་རྩིས་བྱས་ན་ཤིང་འཛུགས་རྒྱ་ཁྱོན་མུའུ་ཁྲི1.12དང་སྡོང་ཕྲུག་ཁྲི122.68བཙུགས་ཡོད།

ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན།ཡུལ་དེ་གའི་ལས་བྱེད་པ་དང་མང་ཚོགས།དང་བླངས་པ་བཅས་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད།།

( ལྷ་འཛོམས་ཀྱིས་བསྒྱུར།)