( པར་ངོས་དང་པོར་མཐུད།)མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལྷག་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་སྦྱངས་ཏེ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་དང་། དཔལ་འབྱོར་དང་། ཆབ་སྲིད། བཅའ་ཁྲིམས། རིག་གནས། སྤྱི་ཚོགས། དོ་དམ། སྐྱེ་ཁམས། རྒྱལ་སྤྱི་སོགས་ཕྱོགས་ཁག་གི་རྨང་གཞིའི་རང་བཞིན་གྱི་ཤེས་བྱ་སློབ་སྦྱོང་། རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་དང་འབྲེལ་ཡོད་ཀྱི་ཤེས་བྱ་གསར་པ་དང་རྩལ་ནུས་གསར་པ་སློབ་སྦྱོང་བཅས་བྱས་ཏེ། རང་འགན་གཙང་སྒྲུབ་བྱེད་པར་དགོས་ངེས་ཀྱི་ཤེས་བྱའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱ་ཆེའི་གཞོན་ནུས་སློབ་སྦྱོང་ཡག་པོ་བྱས་ཏེ། གསེར་ལས་ལྷག་པའི་རྩ་ཆེའི་དུས་ཚོད་ལ་གཅེས་སྤྲས་ཀྱིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཏེ། ལྷོད་གཡེང་གཏན་ནས་མི་གཏོང་བར་བློ་རྩེ་གཅིག་སྒྲིམ་བྱེད་དགོས་ལ། གཙོ་གནད་འབུར་དུ་ཐོན་པ་དང་གལ་འགངས་ཆེ་བ་བདམས་ནས་ཐོས་རྒྱ་ཆེ་ལ་ཆེད་ལས་མཁས་པ་དང་། ཐོས་པ་ཇི་ཙམ་ཆེ་ན་ཆེད་ལས་དེ་ཙམ་གྱིས་མཁས་པར་གྱུར་ཐུབ་པའི་འབད་བརྩོན་ཡང་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། “ཁོམ་པ་ཡོད་ཚད་འཚོལ་གང་ཐུབ”དང“སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་པའི”སྙིང་སྟོབས་དར་སྤེལ་བཏང་སྟེ། དཔེ་དེབ་མང་ཙམ་ལྟ་བ་དང་དཔེ་དེབ་ཡག་པོ་རྣམས་བལྟས་ནས། དཔེ་དེབ་ནང་གི་བློ་གྲོས་དང་ཤེས་རབ་བསྡུ་ལེན་བྱེད་དགོས་པ་ལས། ང་མཐོ་ང་ཆེ་དང་སློབ་སྦྱོང་བྱེད་རིན་མི་འདུག་སྙམ་པའི་བསམ་བློ་ཁྱེར་མི་རུང་། ལས་བྲེལ་ཆེ་བར་ཁ་གཡར་ཏེ་སློབ་སྦྱོང་ལ་ལྷོད་གཡེང་གཏོང་མི་རུང་ལ། འདྲ་ཆགས་པོ་ཡོང་ཕྱིར་ཁྲལ་སེལ་སླ་བཅོས་ཡང་དེ་བས་བྱེད་མི་རུང་། སེམས་རྣལ་ལ་ཕབ་ནས་རྒྱུན་འཁྱོངས་ལྷོད་མེད་གཙིགས་ཆེར་བཟུང་བ་དང་ནང་དོན་རྟོགས་ཐུབ་པ་དང་ཁོང་དུ་ཆུད་རྒྱུ་གལ་ཆེ་བས། བག་གཡེང་འཚབ་འཚུབ་དང་། བརྟག་དཔྱད་གཏིང་ཟབ་མི་བྱེད་པ། གོ་བ་ཟབ་མོ་མི་ལེན་པ་བཅས་བྱེད་མི་རུང་།
ཉིན་གཅིག་ནས་ཆུ་ཚོད་ཕྱེད་ཀ་བེད་སྤྱད་དེ་དཔེ་དེབ་ཤོག་གྲངས་ཁ་ཤས་ལས་ཀློག་མེད་ནའང་། གལ་སྲིད་རྒྱུན་འཁྱོངས་ཐུབ་ཚེ། ཆུ་ཐིགས་བསགས་ནས་རྒྱ་མཚོ་དང་སྣོད་སྟོང་འོ་མས་བཀངས་པའི་དཔེ་ལྟར་ཡོང་ངེས་རེད། གྲངས་འཛིན་ལྟ་ཀློག་དང་སྲོལ་རྒྱུན་ལྟ་ཀློག་ཟུང་འབྲེལ་བྱས་ཏེ། ང་ཚོའི་བསམ་པའི་འཇིག་རྟེན་དང་བྱང་ཚད་ལེགས་པར་སྲུང་དགོས།
རྩོམ་ཡིག་ནང་བསྟན་དོན། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་དང་། སློབ་སྦྱོང་རྣམ་པའི་རྒྱལ་ཁབ་ཆེན་པོ་སྐྲུན་ཏེ། མི་ཚང་མས་སློབ་སྦྱོང་བྱེད་པ་དང་། གང་སར་སློབ་སྦྱོང་བྱེད་ཆོག་པ། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་ཐུབ་པ་བཅས་ལ་སྐུལ་འདེད་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རེ་བར་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་དཔེ་ཀློག་སློབ་སྦྱོང་དང་། རང་གཅུན་བློ་སྦྱོང་། འཇོན་ཐང་འཕེལ་བ་བཅས་བྱེད་དགོས། ཕྲུ་གུ་ཚོར་ལྟ་ཀློག་གི་གོམས་གཤིས་འཇགས་པ་དང་། ལྟ་ཀློག་གི་སྤྲོ་སྣང་འཕེལ་བ། བདེ་ཐང་ངང་འཚར་ལོངས་ཡོང་བ་བཅས་ཀྱི་རེ་བ་ཡོད་ལ། སྤྱི་ཚོགས་ཡོངས་ལྟ་ཀློག་ནང་ཞུགས་ནས་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་རྣམས་ཀློག་པ། དཔེ་ཀློག་ལ་མཁས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་རྒྱུའི་རེ་བ་ཡོད། ( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)
