སྤྱི་ཟླ4པའི་ཚེས17ཉིན་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།
ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ས་པེ་ཅིང་དུ་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་བར་དཔེ་སྟོན་བྱེད་པ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ་ཆབ་སྲིད་རང་རྟོགས་ཚད་མཐོན་པོས་མཛེས་སྡུག་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་སྐུལ་བར་ཕན་འབྲས་དེ་བས་ཆེ་བ་འཐོབ་པ་བྱ་དགོས། རྒྱལ་ཁོངས་སྔོ་ལྗང་ཅན་དུ་བསྒྱུར་བའི་བྱ་སྤྱོད་མཐར་ཕྱིན་པ་སྤེལ་ཏེ། ས་ཡིས་ལྗང་འབེབས་དང་ཆུ་ཡིས་ལྗང་འབེབས། རྩྭ་འཕྲོད་ན་རྩྭ་འདེབས་པ་བཅས་རྒྱུན་འཁྱོངས་ཤིང་། ནགས་རྩྭའི་ཐོན་ཁུངས་དོ་དམ་དང་རྒྱལ་ཁབ་ཀྱི་ས་ཆ་བར་ཁོངས་བཅོས་སྐྱོང་ལ་མཐུན་སྦྱོར་སྒོས་བསྐུལ་ཏེ། ཤུགས་ཡོད་རྒུས་ལྗང་འགྱུར་ལས་ཀ་ཡག་མོ་བསྒྲུབ་དགོས། ཞིང་ཆེན་རིམ་པའི་ཐཱན་བསྡུ་ཚོད་ལྟའི་རྗེས་མཐུད་ལས་དོན་བརྟན་པོར་བསྐུལ་ཏེ། མཐོ་སྒང་གི་ནགས་ཤིང་རྩི་ཏོག་དང་། རྒྱ་བོད་སྨན་རྫས། ཤ་མོ་རི་སྐྱེས་སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཤུགས་ཡོད་རྒུས“ ནགས་ཚལ་མཛོད་བཞི”ཡག་མོ་འཛུགས་སྐྱོང་བྱ་དགོས། “དམངས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ནས་ཁོངས་ཡོངས་གནོད་འཚེ་བསལ་བའི”ཆེད་དོན་བཅོས་སྒྲིག་དང“ནགས་གློག་ཉེན་མེད”ཀྱི་ལོ་གསུམ་འགག་སྒྲོལ་བྱ་སྤྱོད་ལ་སྐུལ་འདེད་མཐར་ཕྱིན་བྱས་ནས་ཕྱོགས་བསྡུས་འཚུབ་བསྟུན་རོགས་སྐྱོབ་དཔུང་ཁག་ཡག་པོ་འཛུགས་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་མེ་སྐྱོན་འགོག་ཟོན་གྱི་མཐིལ་ཚད་བརྟན་པོ་བསྲུང་དགོས་ཞེས་བསྟན་ཡོད།
( པར་ངོས་གཉིས་པར་གཟིགས།)
