སྤྱི་ཟླ4པའི་ཚེས13ཉིན། གསར་འགོད་པས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་ཆུ་ལམ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར580.1ལེགས་གྲུབ་ཟིན་པ་དང་། མ་འཇོག་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དེས་རྒྱལ་ཡོངས་ཀྱི་བསྡུར་ཚད་བརྒྱ་ཆ11བཟུང་བ་དང་། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ1འཕར་ཞིང་། མ་དངུལ་གཞི་ཁྱོན་དང་སྤུས་ཚད་གཉིས་ཀ་མཐོ་རུ་ཕྱིན་ཡོད་པ་རེད།
གཞུང་ལམ་ལས་གཞིའི་ནང་སྤྱི་ཟླ3པའི་ཚེས31ཉིན། ནན་ཅང་ནས་སན་ཐའེ(ཀྲུང་ཅང)བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞི་ལས་འགོ་བཙུགས་ནས་འཛུགས་སྐྲུན་དུས་མཚམས་སུ་སླེབས་པ་དང་། དེ་ནི་ད་ལོར་ཞིང་ཆེན་ཡོངས་ཀྱི་འཆར་གཞི་ལས་འགོ་བཙུགས་པའི་ལམ་ཐག་རིང་ཤོས་དང་མ་འཇོག་གཞི་ཁྱོན་ཆེ་ཤོས་ཀྱི་འགྲིམ་འགྲུལ་གཙོ་གནད་ལས་གཞི་ཞིག་རེད། རྒྱལ་ཁབ་དང་ཞིང་ཆེན་དཀྱུས་མའི་གཞུང་ལམ་གཙོ་བོའི་ལས་གཞི15ཡང་འཆར་གཞི་ལྟར་ལས་འགོ་བཙུགས་པ་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོགས་སུ་བཏང་བ་རེད།
ཆུ་ལམ་ལས་གཞིར་མ་འཇོག་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ84.1འཕར་བ་དང་།འཕར་ཚད་རྒྱུན་མཐུད་ངང་སྔོན་ལ་སླེབས་ཡོད། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་རེད།
ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་ཆུ་ལམ་གྱི་གཙོ་གནད་ལས་གཞི90ཡི་ནང་མཐུད་སྐྲུན་ལས་གཞི66ཚང་མ་སྔ་སྣུར་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ་དང་། གསར་དུ་ལས་འགོ་བཙུགས་པའི་ལས་གྲྭ24གོ་རིམ་ལྡན་པའི་ངང་བསྐུལ་བས“མཐུད་སྐྲུན་མྱུར་མགྱོགས་དང་གསར་སྐྲུན་འགག་སྒྲོལ”གྱི་རྣམ་པ་བཟང་པོ་ཞིག་ཆགས་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར། )
