■ སྤྱི་ཟླ4པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ལས་ཚབ་ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཚོགས་འདུ་ཐེངས84པ་གཙོ་སྐྱོང་གནང་ནས་ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་དང་གསུང་བཤད་གལ་ཆེན། མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་དང་། འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་དང་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
■ ཉེ་ཆར། སློབ་གསོ་པུའུ་གཞུང་དོན་ཐིང་གིས《2025ལོར་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་སློབ་གྲྭའི་རྐང་གྲུག་ཁྱད་ཆོས་སློབ་གྲྭའི་མིང་ཐོ་ཡོངས་བསྒྲགས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་། རྒྱལ་ཡོངས་ཀྱི་སློབ་གྲྭ4928ལ་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་སློབ་གྲྭའི་རྐང་གྲུག་ཁྱད་ཆོས་སློབ་གྲྭའི་མིང་བཏགས་པ་རེད། དེའི་ནང་དཀར་མཛེས་ཁུལ་གྱི་སློབ་གྲྭ4བདམས་ཐོན་བྱུང་ཡོད། དེ་ཚོ་ནི་ཕྱག་ཕྲེང་རྫོང་སློབ་འབྲིང་དང་། དཀར་མཛེས་རྫོང་ནོར་བུ་གླིང་ཆ་ཚང་སློབ་ཆུང་བཞི་པ། ལྕགས་ཟམ་རྫོང་འུ་ལག་རི་བོ་སྡེ་ཁུལ་ཞག་སྡོད་ལམ་ལུགས་སློབ་གྲྭ། གསེར་རྟ་རྫོང་སྦོ་མདའ་གྲོང་རྡལ་སྡེ་ཁུལ་ཞག་སྡོད་ལམ་ལུགས་སློབ་གྲྭ་བཅས་ཡིན་པ་རེད།།
