国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གཞོན་ནུ་ལོ་ཆུང་གི་སྤྱི་ཕན་ སློབ་རོགས་འཆར་གཞི་འགོ་བཙུགས།

7079_02B_20260422སྤྱི་ཕན་སློབ་རོགས་འཆར་གཞི་བྱེད་སྒོ་དར་མདོ་མཛའ་གཞས་ཐང་ཆེན་དུ་སྤེལ་བཞིན་པ།

ཉེ་ཆར། དཀར་མཛེས་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་སྤྱི་ཕན་སློབ་རོགས་འཆར་གཞི་བྱེད་སྒོ་དར་མདོ་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད། བྱེད་སྒོ་འདི་ཁུལ་ཨུ་དང་ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་ལས་ཁུངས་མང་པོས་རོགས་གཉེར་བྱས་ཡོད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁང་གི་ཏང་ཚན་ཁག་གི་ཁོངས་མི། ཀྲུའུ་རེན་གཞོན་པ་རིན་ཆེན་གྱིས་འགོ་འཛུགས་པའི་ཁྱབ་བསྒྲགས་བྱས། ལོ་ཆུང་གདོང་ལེན་རུ་མི600དང་དེ་བཞིན་གཞོན་ནུ་དང་བླངས་པ50ཡིས་དཔང་པོ་བྱས་ཏེ་གཙོ་གནད་ལས་གཞི་ཆེན་པོ་བཞི་དུས་གཅིག་ཏུ་ཁྱབ་བསྒྲགས་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་བློ་སྒོ་འབྱེད་པའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོར། ལོ་ལྔའི་རིང་འབྲེལ་ཡོད་སྡེ་ཚན་གྱིས་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་སློབ་གསོ་དང་ཚན་རྩལ་ཁྱབ་གདལ་སོགས་ཁྱབ་ཁོངས་ཀྱི་ཕན་འབྲས་ལ་ཕྱིར་དྲན་བྱས་པ་དང་། སྐོར་སྐྱོད་ཚན་རྩལ་ཁང་ནས་སློབ་གྲྭར་བསྐྱོད་དེ་བྱིས་རོགས་འཆར་གཞིས་མཐོ་སྒང་བྱིས་པའི་ཐོབ་སྣང་ཆེ་རུ་བཏང་བ་དང་། དཀར་མཛེས་ཁུལ་གདོང་ལེན་རུ་ཆུང་གི་དང་བླངས་པའི་འཐུས་མིས་ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་གྲོས་འགོ་བཏོན་པ་རེད།

ཡུལ་དངོས་སུ་གཙོ་གནད་རྣམ་གྲངས་ཆེན་པོ་བཞི་ཁྱབ་བསྒྲགས་བྱས་ཏེ་རྒྱུན་རྣམ་ཅན་དང་རང་ཡུལ་ཅན། དུས་ཐོག་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བ་དང་། དར་མདོ་དང་ལྕགས་ཟམ་ཁར་སྒོ་འགྲམ་གྱི་ལོ་ཆུང་ཕོ་བྲང་དང་སྐོར་སྐྱོད་ཚན་རྩལ་ཁང་གི་ཚོད་ལྟ་བྱས་ནས་གཟའ་མཇུག་ཏུ་སློབ་ཡོན་མི་དགོས་པའི་དངོས་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་པ་རེད།

འགོ་འཛུགས་མཛད་སྒོ་སྤེལ་རྗེས་ཚན་གཏོད་བློ་སྒོ་འབྱེད་པའི་སློབ་ཚན་དང་པོ་བདེ་བླག་ངང་འཚོགས་ཤིང་། ལོ་ཆུང་གདོང་ལེན་རུ་མི་ཁག་བགོས་ནས་མཉམ་འགུལ་མྱོང་རོལ་ནང་ཞུགས་པ་རེད། དར་མདོ་གྲོང་ཁྱེར་ཧུའེ་རིགས་སློབ་ཆུང་ནས་ཡོང་བའི་ཡེ་ཤེས་མཁའ་འགྲོས་ང་དང་སློབ་གྲོགས་ཚོ་ཚན་རྩལ་གསར་གཏོད་ཀྱི་བློ་སྒོ་འབྱེད་པའི་སློབ་ཚན་ནང་ཞུགས་ཤིང་ད་དུང་དཀར་མཛེས་ཁུལ་གདོང་ལེན་རུ་ཆུང་གི་དང་བླངས་བྱ་སྤྱོད་བློ་ལ་བཞག་ཡོད། རྗེས་སུ་ངས་ཀྱང་དང་བླངས་པ་ཆུང་ཆུང་ཞིག་བྱ་རྒྱུའི་བརྩོན་ལེན་བྱས་ཏེ་སྤྱི་ཕན་སློབ་རོགས་བྱེད་སྒོ་དེ་དག་ནང་ཞུགས་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འཆར་གཞི་ནང་འཚར་ལོངས་ཡོང་རོགས་དང་ཚན་རྩལ་ཁྱབ་གདལ་ནུས་སྦྱིན། དྲོད་སྐྱིད་བརྒྱུད་སྤྲོད་བཅས་གཙོ་བོར་བྱས་ཏེ། རྗེས་མར་ཁུལ་ཨུ་དང་ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་ཞབས་ཞུ་བྱ་ཡུལ་སྣ་ཚོགས་མུ་མཐུད་དེ་བཏོད་དེ་དང་བླངས་པ་ཆིག་སྟོང་བསྡུས་ནས་འབྲེལ་ཡོད་ཞབས་ཞུ་སྤེལ་བ་དང་། དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་གཞོན་ནུ་ལོ་ཆུང་གི་ཞབས་ཞུ་གྲགས་རྟགས་བཏོད་དེ་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་རེད།།

( ཡེ་ཤེས་ཀྱིས་བསྒྱུར།)