国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

ཚོགས་འདུར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་སི་ཁྲོན་དུ་བརྟག་ཞིབ་ཕེབས་སྐབས་ཀྱི་མཛུབ་སྟོན་སྙིང་དོན་བརྒྱུད་སྦྱངས་བྱས།

ཚོགས་འདུར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི《<ཀྲུང་གོ་གུང་ཁྲན་ཏང་གིས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་འགོ་ཁྲིད་པའི་ལས་དོན་སྲོལ་ཡིག>བཀྲམ་པའི་སྐོར་གྱི་བརྡ་ཐོ》བརྒྱུད་སྦྱངས་བྱས།

ཚོགས་འདུར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི《གྲོང་ཚོར་སྐོར་ཞིབ་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

ཚོགས་འདུར《ཀྲུང་དབྱང་རིམ་པ་ངོས་ནས་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་འཛིན་གྲྭ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་གཞུང་དོན་ཐིང་གི་སི་ཁྲོན་ཞིང་ཆེན་ཀྲའོ་ཅུའེ་རྫོང་དང་། ཧུའུ་པེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཧུའུ་པེ་སྒྱུ་རྩལ་ལས་རིགས་སློབ་གླིང་བཅས་ཀྱི་སྲིད་འགན་ལག་རྗེས་འདུ་ཤེས་ལ་ནོར་འཛོལ་ཡོད་པ་དང་དོན་དངོས་ལ་མི་བལྟས་པར་ནོར་སྲིད་མ་དངུལ་སྤྱོད་པའི་གནད་དོན་སྐོར་གྱི་བརྡ་ཁྱབ》དང་སྤྱི་ཟླ4ཚེས13ཉིན་གྱི་ཞིང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་བྱས་པ་རེད།

ཚོགས་འདུར་ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།། ( ཀུན་དགས་བསྒྱུར།)