国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚོང་རྫས་རྫུན་མ་བཙོངས་ན་ཉེས་ཁྲིམས་དང་འགལ་ཡོད་དམ།

གྱོད་དཔེ།

འཛོམས་སྐྱིད་ཀྱིས་རང་ཉིད་ཀྱི་འཚོ་བའི་ཆུ་ཚད་ཅུང་གོང་འཕེལ་དུ་གཏང་ཆེད།རྗོང་ཐོག་ཏུ་བྱིས་པའི་རྩེད་ཆས་ཚོང་ཁང་ཞིག་གཉེར་ཞིང་། མོས་ཚོང་ཁང་གི་རྩེད་ཆས་ཡོད་ཚད་ཀོང་ཏུང་ནས་ལེན་བཞིན་ཡོད་པར་མ་ཟད་རྒྱུ་སྤུས་ཀྱང་ཚད་ལྡན་ཡིན།མོས་ཐེངས་ཤིག་ལ་བླངས་པའི་རྩེད་ཆས་སྐོར་ཞིག་བཙོངས་རྗེས།ཉེན་རྟོག་པས་མོ་བཙལ་ནས་ཡོང་སྟེ་བཤད་དོན།ཁྱོད་ཀྱིས་བཙོངས་པའི་རྩེད་ཆས་དེ་དག་གི་ཚོང་རྟགས་རྫུན་མ་རེད་ཟེར།

བཅའ་ཁྲིམས་དབྱེ་ཞིབ།

རང་རྒྱལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན214པའི་གཏན་འཁེལ་ལྟར་ན།“ཚོང་པས་ཐོ་བཀོད་ཚོང་རྟགས་རྫུན་མ་ཡིན་པ་ཤེས་བཞིན་དུ་བཙོངས་པའི་རིགས་ལས། ཕྱིར་འཚོང་མ་དངུལ་གྱི་གྲངས་འབོར་ཅུང་ཆེ་བའི་རིགས་ལ། ལོ3མན་གྱི་དུས་བཀག་བཙོན་འཇུག་གམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་པར་མ་ཟད།དངུལ་ཆད་ཀྱང་མཉམ་དུ་གཅོད་པའམ་གཅིག་རྐྱང་བྱས་ནས་གཅད་རྒྱུ། ཕྱིར་འཚོང་མ་དངུལ་གྱི་གྲངས་འབོར་ཆེ་བའི་རིགས་ལ། ལོ3ནས7མན་གྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་པར་མ་ཟད་དངུལ་ཆད་ཀྱང་གཅད་དགོས”ཞེས་བཀོད་ཡོད།

དེར་བརྟེན།ཚོང་རྟགས་རྫུན་མའི་ཚོང་རྫས་ཕྱིར་འཚོང་བྱས་པའི་མ་དངུལ་གྱི་གྲངས་འབོར་ལ་གཞིགས་ཏེ་ནག་ཉེས་བསགས་ཚད་གཏན་འཁེལ་བྱ་དགོས་པས། འཛོམས་སྐྱིད་ཀྱིས་ཁྲིམས་རྩོད་པ་གདན་ཞུ་བྱས་ནས་བྱེ་བྲག་གི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་ད་གཟོད་བརྡར་གཅོད་བྱས་ན་འགྲིག།

( ཀུན་དགས་བསྡུས།)