国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པ་གྲོལ།

( པར་ངོས་དང་པོར་མཐུད།)བློ་མཐུན་དབྱང་ཧུང་ཧྲོའུ་ཡིས་དམ་བཅའ་བློ་ལ་བརྟན་པོར་ངེས་ནས་འགན་འཁྲི་སྒྲུབ་ཕོད་པ་བྱས་ཏེ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རང་རྟོགས་ངང་གཅིག་གྱུར་ཚད་མཐོན་པོ་ཡོང་བ་བྱ་དགོས་པ་དང་། སྐབས་རིམ་བྱུང་གི་ཁུལ་སྲིད་གཞུང་གིས་བཏིང་བའི་རྨང་གཞི་བརྟན་པོའི་ཐོག་མཐུན་སྒྲིལ་འབད་འབུངས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ“བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ”གྱི་ལོ་རྒྱུས་འགན་འཁྲི་བློ་ཐག་རྦད་བཅད་ཀྱིས་ཁུར་ནས་མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་བྱས་ནས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་ཞིང་འཛུགས་སྐྲུན་བྱེད་པ། མི་འདང་ས་དང་ཞན་ཆ་ཁ་གསབ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་འཐོབ་པ་དང་རྣམ་པ་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀྲའོ་པོ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ105འཁོར་བའི་ལོ་ཡིན་པ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་འཛུགས་པའི་ལོ་ཡིན་པས་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཆབ་སྲིད་ཚུགས་གནས་སྔར་བས་སྤར་ནས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་ཡག་པོ་བསྟར་ཞིང་། སྣེ་ཁྲིད་དེ་འཚོ་བ་ངན་ངོན་རོལ་བ་དང་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་པ་སོགས་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་གལ་ཆེན་དོན་ཐོག་མཐའ་གཅིག་ཏུ་འཁྱོལ་བ་དང་། དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཤིང་གནད་ཐུག་ས་ལ་དམ་པོར་ལྟ་བ། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་དང་མི་མཐུན་པ་ཤེས་མ་ཐག་ལམ་སང་ལེགས་བཅོས་བྱེད་པ་དང་། ལག་ལེན་བསྟར་མ་ཐག་ལེགས་བཅོས་བྱེད་པ་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ལག་ལེན་ལ་མཛུབ་ཁྲིད་དང་ལས་ཀར་སྐུལ་བའི་ཕན་འབྲས་དངོས་ལ་བསྒྱུར་དགོས། དེ་བས་ཏན་ཏིག་གི་བྱེད་ཐབས་ལ་བརྟེན་ནས་དཔལ་འབྱོར་བརྟན་ཐོག་ལེགས་ཕྱོགས་སུ་འགྲོ་བའི་འཕེལ་ཁ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། “ལས་དོན་ཆེན་པོ་གསུམ”ལ་དམིགས་ཏེ་ཐོན་ལས་དམ་འཛིན་ཆེན་པོ་དང་། རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལས་གྲྭ་ཆེན་པོ14ལ་དམིགས་ཏེ་རྣམ་གྲངས་དམ་འཛིན་ཆེན་པོ་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ཏེ་ཚོང་འགུགས་དམ་འཛིན་ཆེན་པོ་བྱེད་པ་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་པ། དེ་བས་ཤུགས་ཆེན་པོས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་ཅིང་། རོགས་སྐྱོར་སྟོབས་ཤུགས་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་ཡག་པོ་བྱེད་པ། རྒྱུན་ཚུལ་ཅན་གྱི་གནད་སྨིན་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱ་རྒྱུར་དོ་སྣང་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་བ། ཞིང་ཆེན་དང་ཁུལ་གྱི་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་པ། འགན་འཁྲི་དེ་བས་ཆེ་བའི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཡག་པོ་བསྒྲུབ་དགོས་པ་དང་། རིམ་ཁག་ཏང་ཨུའི་ཧྲུའུ་ཅིས་སྣེ་ཁྲིད་དེ་ཞིབ་འཇུག་དང་རྩད་གཅོད་ཞིབ་ཚགས་བྱས་ཏེ་འཐུས་མིའི་གྲོས་འགོ་རེ་རེ་བཞིན“ཤོག་བུའི་ཐོག”ནས“དོན་དངོས་སུ”འཁྱོལ་ཏེ་དམངས་འདོད་དང་དམངས་ཀྱི་བློ་རིག་དེ་བཅོས་སྐྱོང་ཕན་འབྲས་དང་འཕེལ་རྒྱས་ཕན་འབྲས་ལ་བསྒྱུར་དགོས།

བརྗིད་ཉམས་ལྡན་པའི་རྒྱལ་གླུ་ཁྲོད་ཚོགས་ཆེན་རྣམ་པར་རྒྱལ་བའི་ངང་གྲོལ་བ་རེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་། ཁུལ་བཅའ་སྡོད་དཔུང་སྡེའི་འབྲེལ་ཡོད་མགོ་ཁྲིད་དང་འབྲེལ་ཡོད་ཕྱོགས་ཁག་གི་འཐུས་མི་མཇུག་འགྲིལ་གྲོས་ཚོགས་སུ་ཞུགས་ཡོད།།

( ཀུན་དགས་བསྒྱུར།)