国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་འགོའི་ དུང་བརྗོད།

སེམས་སོང་གཡུ་ཡི་མེ་ཏོག །

བརྩེ་བའི་སྤང་ལ་བཞད་ན། །

དུང་བའི་དཔྱིད་འགོའི་ཆར་པ། །

ལང་ཚོ་རྙིད་དུ་མ་འཇུག །

སྣང་བའི་དབྱར་གཞུང་ཞིག་ན། །

ལས་ཀྱི་གླུ་སྐད་འཁོར་བའི། །

གཞོན་པའི་གཡུ་སྦྲང་ཆ་གཅིག །

མེ་ཏོག་འཇིངས་ནས་མཐུན་སོང་། །

སྙིང་ཆུང་ཤ་བ་ཡུ་མོ། །

བདག་སེམས་སྲིབ་ལུང་ནང་ལ། །

རྩྭ་ཆུ་རོལ་དུ་ཕེབས་དང་། །

ཅི་འདོད་མགྲོན་གྱིས་བསུའོ། །

དུང་སེམས་མཚོ་མོའི་ཁ་ནས། །

དུང་སེམས་ངང་ངུར་ཟུང་ཞིག །

རྐྱལ་འདོད་སོ་སོར་འཁྲུངས་པས། །

ལས་དབངདེ་ནས་འགྲིག་སོང་། །

༼ གཡེར་མ། ༽