ཚོར་བའི་སྣང་ངོར་མངོན་པའི་དཔྱིད་ཀ་ནི་
བལྟས་ན་མཛེས་པ་ཞིག་རེད།
སེམས་སུ་ལྷུང་བའི་དཔྱིད་ཀ་ནི་མིག་ཟུང་ཞིག་རེད།
ཡུན་ཙམ་ཞིག་འགོར་སོང་།
དཔྱིད་ཀ་བསྒུགས་ནས།
ད་ལྟ་བསྐྱར་དུ་དཔྱིད་ཀའི་མཛེས་པ་དྲན་དུས།
དཔྱིད་ཀའི་འཛུམ་མདངས་དེ་དྲན་ཡོང་།
འཛུམ་མདངས་ཏེ་ཏག་ཏག་ང་རང་དཔྱིད་ཀ་དེར།
ཆར་པས་བརླན་མྱོང་བའི་གཞོན་ནུ་
མ་ཞིག་གི་མིག་ཆུ་རེད།
ཚོད་ཚོད་ལ།
སྐད་ཆ་སྨྲ་ཤེས་པའི་མིག་མདངས་དེས།
དཔྱིད་ཀའི་མཛེས་ལྗོངས་རྟོག་མྱོང་ལ།
གཅོང་ནད་ཀྱིས་མནར་བའི་བགྲེས་པོ་ཞིག་གི་
སེམས་པའང་རྟོག་མྱོང་།
༼ རྒྱ་ཚང་སྨོན་ལམ། ༽
