国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབའ་ཐང་རྫོང་གིས2026ལོའི་རིག་གནས་ཡུལ་སྐོར་ བྱེད་སྒོའི་རྣམ་གྲངས་བསྒྲགས།

6666_06B_20260420བོད་ཀྱི་ཟློས་གར་འཁྲབ་བཞིན་པ།

6669_06B_20260420མཐོ་སྒང་སྦས་ཡུལ།

6670_06B_20260420ཡུལ་སྐོར་བའི་འདུ་ལོང་ཆེ།

6671_06B_20260420མཚན་མོའི་སྤྲོ་སྣང་།

6667_06B_20260420རྐང་འཁོར་འགྲན་སྡུར་གྱི་ཡུལ་དངོས།

རིག་གནས་ཡུལ་སྐོར་གྲགས་རྟགས་དང་འབའ་ཐང་གི་ཁྱད་ཆོས་ཐོན་ཁུངས་ཕྱོགས་ཡོངས་ནས་གཏོད་ཆེད། ཉེ་ཆར།གནས་མཆོག་དཀར་མཛེས་ལ། འཛོམས་པའི་ཁ་ཆད་ཡོད་ཅེས་པའི་སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་གི2026ལོའི་རིག་གནས་ཡུལ་སྐོར་བྱེད་སྒོ་འོས་སྦྱོར་ཚོགས་འདུ་བདེ་བླག་ངང་འཚོགས།

ཡུལ་སྐོར་འཕེལ་རྒྱས་ལྟེ་གནས་གཅིག་དང་ཡུལ་སྐོར་ལམ་ཐིག་གཙོ་བོ་གཉིས།རིག་གནས་ཡུལ་སྐོར་འཕེལ་རྒྱས་ཁྱམས་ལམ་གསུམ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་བར་ཁོངས་བཀོད་སྒྲིལ་ལ་གཞི་བཙུགས་ཏེ། འབའ་ཐང་གི་གཟུགས་མེད་རིག་གནས་ཤུལ་བཞག་དང་སྐྱེ་ཁམས། གསར་བརྗེ། དམངས་སྲོལ་བཅས་ཐོན་ཁུངས་ཀྱི་མཛོད་ཆེན་པོ་བཞི་སྔོག་འདོན་དང་། དུས་ཚིགས་རེར་འགྲན་སྡུར་སྤེལ་རྒྱུ་དང་ཟླ་རེར་བྱེད་སྒོ་སྤེལ་རྒྱུ། དུས་རྒྱུན་དུ་མྱོང་རོལ་བྱ་རྒྱུ་བཅས་ཀྱི་རིག་གནས་ཡུལ་སྐོར་གྱི་རྒྱུན་རྣམ་གསར་པ་བཏོད་པ་རེད། ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུར་ལོ་ཧྲིལ་པོའི་རིག་གནས་ཡུལ་སྐོར་བྱེད་སྒོའི་མ་ལག་ཁྱོན་ཡོངས་ནས་བསྒྲགས་པ་དང་། སྐུལ་ལྕག་སྲིད་ཇུས་དང་མྱོང་རོལ་ཅན་གྱི་ཐོན་རྫས་བཏོན་པ་དང། རྒྱལ་ལམ318པ་དེ་འབའ་ཐང་བརྒལ་མཚམས་ནས་བདེ་གསོའི་སྤྲོ་གསེང་བྱ་ཡུལ་མྱུར་དུ་བསྒྱུར་རྒྱུ་ཡིན་པ་བསྟན་ཡོད།

དུས་ཚིགས་བཟང་པོ་ལ་དམིགས་ནས་གསར་བརྗེའི་རིག་གནས་གཙོ་དོན་ཡུལ་སྐོར་གཅིག་དང་ལུས་རྩལ་འགྲན་སྡུར་བྱེད་སྒོ་ཆེན་པོ་གཉིས། རིག་གནས་མྱོང་རོལ་དུས་ཚིགས་ཆེན་པོ་གསུམ་གྱིས་མཐོ་སྒང་དུ་བཀྲག་མདངས་འཚེར་བ་བྱ་རྒྱུ་རེད།

སྤྱི་ཟླ5པ་ནས་སྤྱི་ཟླ10པའི་བར་རིག་གནས་ཡུལ་སྐོར་གྱི་གསེར་གྱི་དུས་སྐབས་ལ་དམིགས་ཏེ། འབའ་ཐང་རྫོང་གིས་གསར་བརྗེ་རིག་གནས་གཙོ་དོན་ཡུལ་སྐོར་གཅིག་དང་ལུས་རྩལ་འགྲན་སྡུར་བྱེད་སྒོ་ཆེན་པོ་གཉིས། རིག་གནས་མྱོང་རོལ་དུས་ཚིགས་ཆེན་པོ་གསུམ་གྱི་བྱེད་སྒོ་ཇུས་འགོད་བྱས་ཤིང་། གསར་བརྗེའི་རིག་གནས་དང་ལུས་རྩལ་འགྲན་སྡུར། དམངས་སྲོལ་དང་འབྲེལ་བའི་གཟུགས་མེད་རིག་གནས་ཤུལ་བཞག་བཅས་མཉམ་འདྲེས་གང་ལེགས་བྱས་ནས་རིག་གནས་ཡུལ་སྐོར་ལ་ཟིལ་ཤུགས་སྦྱིན་རྒྱུ་རེད།

སྤྱི་ཟླ5པར་རྒྱང་སྐྱོད་སྙིང་སྟོབས་དང་གསར་བརྗེའི་རིག་གནས་གཙོ་དོན་ཡུལ་སྐོར་སྤེལ་རྒྱུ་དང་། སྤྱི་ཟླ7པར་མཚོ་ཕུ་རྒྱལ་སྤྱིའི་རི་ཀླུང་རྐང་འཁོར་འགྲན་སྡུར་སྤེལ་རྒྱུ། སྤྱི་ཟླ6པ་ནས10པའི་བར་འབའ་གཞས་གཟེངས་བུམ་ཞེས་པའི་སི་ཁྲོན་དང་ཡུན་ནན་བོད་འབྲེལ་ས་ཁུལ་གྱི་སླེ་གྲུག་འགྲན་སྡུར་སོགས་སྤེལ་རྒྱུ་ཡིན་པ་རེད།

རང་ཁུལ་གྱི་ཚེ་གང་པོར་སྒོ་འཛིན་གཅིག་གིས་གོ་ཆོད་པའི་དམངས་ཕན་སྲིད་ཇུས་དང་བསྟུན་ནས་འབའ་ཐང་རྫོང་གིས་སྐུལ་ལྕག་ལྟ་སྐྱོང་སྲིད་ཇུས་ཆེན་པོ་བཞི་བཏོན་པ་སྟེ།

མགྲོན་པོར་སྣེ་ལེན་བྱ་དགའ་ཁ་གསབ་སྤྲད་པ་སྟེ། ལོ་རེར་མགྲོན་པོ1000ལྷག་ལ་སྣེ་ལེན་བྱེད་པ་དང་འབྲེལ་འབའ་ཐང་དུ་ཞག་སྡོད་འཛད་སྤྱོད་བྱེད་མཁན་གྱི་ཡུལ་སྐོར་ཚོང་པ་མི་རེར་བྱ་དགའ་ཁ་གསབ་སྒོར་ཁྲི30སྤྲད་རྒྱུ་དང་། བྱ་དགའ་རྐྱང་པའི་ཚད་མཐོ་ཤོས་ལ་སྒོར་ཁྲི6དང་བསྡོམས་འབོར་གྲངས་ཚད་མང་ཤོས་ལ་སྒོར་ཁྲི200སྤྲད་རྒྱུ་རེད།

དྲིལ་སྒྲོག་བྱ་དགའ་སྤྲད་རྒྱུ་སྟེ། འཕྲིན་སྦྱོར་གསར་པའི་གསར་རྩོམ་པས་འབའ་ཐང་རྫོང་གི་མགྲིན་ཚབ་བྱ་རྒྱུར་སྐུལ་མ་གཏང་རྒྱུ་དང་། རིག་གནས་ཡུལ་སྐོར་རྐྱང་པའི་དྲང་ནུས་གསར་རྩོམ་བརྩམས་ཆོས་ལ་ལྟ་མཁན་ཁྲི5དང་ཁྲི10། དེ་བཞིན་ཁྲི50དང་ཁྲི100བཅས་ལ་ཟིན་པ་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི0.3དང་སྒོར་ཁྲི5བར་སྤྲད་རྒྱུ་ཡིན་པ་རེད།

དུས་ཆེན་གཉེར་བར་རྒྱབ་སྐྱོར་ཏེ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་དུས་ཆེན་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཡུལ་སྐོར་བ500ཡན་གྱི་ནོར་སྲིད་མ་དངུལ་མིན་པའི་བྱེད་སྒོ་ཆེ་གྲས་ནང་ཞུགས་པར་ཡོང་འབབ་སྒོར་ཁྲི50ལས་བརྒལ་བ་ན། དངོས་ཡོད་གཏོང་འཇོག་བརྒྱ་ཆ5ཡི་བྱ་དགའ་ཁ་གསབ་སྤྲད་རྒྱུ་དང་། ཞུགས་པའི་མི་གྲངས1000ཡན་གྱི་ཡོང་འབབ་སྒོར་ཁྲི100ལས་བརྒལ་ན། དངོས་ཡོད་གཏོང་འཇོག་བརྒྱ་ཆ10ཡི་བྱ་དགའ་དང་ཁ་གསབ་སྤྲད་རྒྱུ། བྱེད་སྒོ་རྐྱང་པའི་བྱ་དགའ་ཁ་གསབ་མཐོ་ཤོས་ལ་སྒོར་ཁྲི100ལས་བརྒལ་མི་ཆོག་པ་རེད།

ཁོངས་ཡོངས་ཁེ་བཟང་སྤྲོད་པ་སྟེ། མཚོ་ཕུ་ལྗོངས་ཁུལ་གྱིས་སྒེར་འཁོར་བཏང་ནས་ཡུལ་ལྗོངས་ཡོངས་སུ་སྤྲོ་འཆམ་བྱེད་མཁན་ལ་ཐེངས་གཉིས་པའི་འཛད་སྤྱོད་ཐོན་རྫས་བཏོན་པ་དང་ཕབ་ཆ4.7བར་བཅག་པ། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་བྱེད་པོ39ཡིས་ཁྱད་པར་ཅན་གྱི་ལྟ་སྐྱོང་བཏོན་པ་དང་། བཟའ་བཏུང་གི་རིན་གོང་དམའ་ཤོས7.5བཅག་པ་དང་ཞག་སྡོད་ཀྱི་རིན་གོང་དམའ་ཤོས8.5བཅག་པ། རོལ་རྩེད་ཀྱི་འཛད་སྤྱོད་སྒོར400ལ་ཟིན་ཚེ་རིན་གོང8.5བཅག་པ་བཅས་ཡུལ་སྐོར་བའི་ཡུལ་སྐོར་སྤྲོ་འཆམ་གྱི་གནད་ཧྲིལ་པོར་ཁྱབ་པ་རེད། 2020ལོར་གཉེར་སྐྱོང་བྱས་པ་ནས་བཟུང་ལོ་རེའི་ཡུལ་སྐོར་བ་སྔོན་གྱི8697ནས་མི་གྲངས་ཁྲི13.15བར་འཕར་བ་དང་། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་གྲངས་ཁྲི31.5ལ་སྣེ་ལེན་བྱས་པ་རེད།།( བདེ་ཆེན་གྱིས་བྲིས།)