སྤྱི་ཟླ4ཚེས21ཉིན་ནས་ཚེས22ཉིན་བར་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཁྲེང་མིང་གིས་རུ་ཁག་ཁྲིད་དེ་དཀར་མཛེས་ཁུལ་དུ“རོགས་སྐྱོར་ལས་གཞིའི་རྒྱུ་ནོར་ཚད་ལྡན་དོ་དམ་ལ་ཤུགས་བསྣན་ཏེ། རྒྱུན་ཚུལ་ཅན་གྱི་རོགས་སྐྱོར་སྤུས་ཚད་དང་ལས་ཆོད་མཐོ་རུ་འདེགས་པ”ཡི་གཙོ་གནད་བརྟག་ཞིབ་གནང་བ་རེད། ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག(སྡེ་ཚན)གི་བློ་མཐུན་ཚན་པ་གཅིག་རྟོག་ཞིབ་ལ་ཞུགས་ཡོད།
རྟོག་ཞིབ་རུ་ཁག་སྔ་རྗེས་སུ་ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་མཚོ་ཁ་གྲོང་ཚོ་དང་། ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་གཅིག་སྡུད་བཀོད་སྒྲིག་སྡོད་ཁང(བདེ་སྐྱིད་གྲོང་ཚོ)། དཀར་མཛེས་ལས་རིགས་སློབ་གླིང་སོགས་སུ་རྟོག་ཞིབ་བྱས་པ་དང་འབྲེལ“ཐང་སྟེང་ཚོགས་འདུ”སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་སྡེ་ཚན་དང་། ཁེ་ལས་ཀྱི་འཐུས་མི། གྲོང་སྡེ་དང་གྲོང་རྡལ་ལས་བྱེད་པ། གཞི་རིམ་མང་ཚོགས་ཀྱི་འཐུས་མི་བཅས་དང་བསམ་ཚུལ་སྤེལ་རེས་བྱས་པ་རེད། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་རོགས་སྐྱོར་ལས་གཞི་དང་། ཡུལ་སྡེ་དར་རྒྱས་ཀྱི་སྔོན་སྐྱོད་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་དང་།དེ་བཞིན་ཁ་གཏད་རོགས་སྐྱོར་བཅས་ཀྱི་གནས་ཚུལ་ལ་དམིགས་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་གནས་ཚུལ་དངོས་རྟོག་ཞིབ་དང་། དམངས་འདོད་ལ་ཉན་པ། དཀའ་གནད་ཐག་གཅོད་བཅས་རོགས་སྐྱོར་ལས་གཞིའི་རྒྱུ་ནོར་དོ་དམ་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་སར་ཚགས་གསེད་བྱས་ནས་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཐབས་འདོན་ཇུས་འབུལ་བྱས་པ་རེད།
ལིའུ་ཁྲེང་མིང་གིས་བཀོད་སྒྲིག་བྱ་ཡུལ་གྱི་འགྲིམ་འགྲུལ་དང་སྨན་བཅོས། དམངས་ཕན་ཞབས་ཞུ་སོགས་སྒྲིག་བཀོད་ཆ་ཚང་རྒྱུན་སྲིང་ངང་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་རྗེས་མཐུད་ཐོན་ལས་རོགས་སྐྱོར་དང་ལས་ཞུགས་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ་གནོད་ཐེབས་མང་ཚོགས་བློ་བདེ་ལ་འཕེལ་རྒྱས་ཡོང་ཞིང་།ཕྱུག་པོར་འགྱུར་བ་བཅས་བྱ་དགོས་ཞེས་ནན་གསུངས་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་གིས་ལྷན་ཕེབས་རྟོག་ཞིབ་གནང་བ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
