སྤྱི་ཟླ4ཚེས21ཉིན།ཁུལ་ཨུ་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུ་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲའོ་པོ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད། ཁོང་གིས་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་བཅོས་བསྒྱུར་འགག་རྟོལ་གྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ནུས་པ་སྤྲད་དེ་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་སྒུལ་ནུས་དང་གསོན་ཤུགས།གསར་གཏོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏང་དགོས་ཞེས་གསུངས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན། ཁུལ་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཧུང་ཧྲོའུ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀའོ་ཀྲན་གྲོས་ཚོགས་སུ་ཞུགས།གྲོས་ཚོགས་སུ་བློ་མཐུན་ཞི་ཅིན་ཕིང་གི《བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་རྒྱུན་འཁྱོངས་བའི་སྐོར་གླེང་བ》ཞེས་པའི་དེབ་དང་པོ་དང་གཉིས་པ་སློབ་སྦྱོང་ཡང་དག་བྱས་པ་དང་། སྐབས་བཅུ་གཉིས་པའི་ཞིང་ཆེན་ཏང་ཨུ་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པའི་སྙིང་དོན་བརྒྱུད་སྦྱངས་བྱས་པ་དང་། 2025ལོར་ཁུལ་ཡོངས་ཀྱི་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ལས་དོན་གྱི་གནས་ཚུལ་སྙན་སེང་ལ་ཉན་པ། འབྲེལ་ཡོད་བཅོས་བསྒྱུར་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། གཞན་ཡང་ད་ལོའི་བཅོས་བསྒྱུར་ལས་ཀར་བཀོད་སྒྲིག་བྱས་ཡོད།
( པར་ངོས་གཉིས་པར་གཟིགས།)
