ཚོང་གཉེར་དམིགས་ཡུལ་དུ་བཟུང་ནས་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ།ཉེས་ཁྲིམས་ཀྱི་དོན་ཚན303པའི་གཏན་འཁེལ་ལྟར“མི་མང་བསྡུས་ཏེ་རྒྱན་སྐུག”པའི་ཁོངས་སུ་གཏོགས་པ་སྟེ།
(གཅིག) མི3ཡན་རྩ་འཛུགས་བྱས་ནས་རྒྱན་བསྐུགས་པ་དང་། རྒྱན་སྐུག་ཁེ་སྤོགས་རིམ་རྩིས་བྱས་ན་སྒོར5000ཡན་ཟིན་པ།
( གཉིས།) མི3ཡན་རྩ་འཛུགས་བྱས་ནས་རྒྱན་བསྐུགས་པ་དང་། རྒྱན་དངུལ་རིམ་རྩིས་བྱས་ན་སྒོར་ཁྲི5ཡན་ཟིན་པ།
( གསུམ།) མི3ཡན་རྩ་འཛུགས་བྱས་ནས་རྒྱན་བསྐུགས་པ་དང་། རྒྱན་སྐུག་མཁན་རིམ་རྩིས་བྱས་ན་མི20ཡན་ཟིན་པ།
མི་མང་བསྡུས་ཏེ་རྒྱན་སྐུག་པའི་ཉེས་ཆད་གཤམ་གསལ་ལྟར།
《ཉེས་ཁྲིམས》ཀྱི་དོན་ཚན303པའི་གཏན་འཁེལ་ལྟར་ཚོང་གཉེར་དམིགས་ཡུལ་དུ་བཟུང་སྟེ་མི་མང་བསྡུས་ནས་རྒྱན་སྐུག་པའམ། རྒྱན་སྐུག་ལས་གཉེར་བྱེད་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་པར་མ་ཟད། དངུལ་ཆད་ཀྱང་གཅད་རྒྱུ། ཤོ་ཁང་འཛུགས་མཁན་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་པར་མ་ཟད་དངུལ་ཆད་ཀྱང་གཅད་རྒྱུ། ཉེས་ཚབས་ཆེ་རིགས་ལ་དུས་བཀག་བཙོན་འཇུག་ལོ3ཡན་ནས་ལོ10མན་བར་གྱི་ཉེས་ཆད་གཅོད་པར་མ་ཟད་དངུལ་ཆད་ཀྱང་གཅད་རྒྱུ།
མི་སྒེར་ལ་ཤུགས་རྐྱེན་ཐེབས་ཚུལ་ནི།
གོང་གསལ་གྱི་ཆད་པ་གཅད་རྒྱུ་ཕུད། གྲོང་ཁྱེར་སྡོད་དམངས་ཀྱིས་རྒྱན་བསྐུག་པར་སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་རྗེས། མི་སྒེར་ལ་གཤམ་གསལ་གྱི་ཤུགས་རྐྱེན་འབྱུང་སྲིད།
གཅིག། ཉེས་བསགས་ཟིན་ཐོ་ཚེ་གང་པོར་བསུབ་མི་ཐུབ་ལ།མི་སྒེར་གྱིས་གཞུང་ཞབས་པར་རྒྱུགས་སྤྲོད་པ་དང་། དམག་ལ་ཞུགས་པ། ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བ། ཡུལ་མི་གནས་སྤོར་སོགས་ལ་ཚོད་འཛིན་ཐེབས་སྲིད་པ་དང་།མི་སྒེར་གྱི་སྤྱི་ཚོགས་ཡིད་རྟོན་ལའང་ཤུགས་རྐྱེན་ཐེབས་སྲིད།
གཉིས། གཞུང་ཞབས་པས་རྒྱན་བསྐུགས་ནས་ཆད་པ་ཕོག་རྗེས།ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པར་མ་ཟད་གཞུང་གི་ལས་གནས་ནས་ཕྱིར་ཕུད་ངེས།( ཀུན་དགས་བསྡུས།)
