( པར་ངོས་དང་པོར་མཐུད།)
ཚོགས་འདུར་བསྟན་དོན། ཡང་དག་པའི་ཁ་ཕྱོགས་བརྟན་པོས་བཅོས་བསྒྱུར་འཛིན་དགོས། བོད་བརྟན་ཁམས་བདེའི་འཐབ་ཇུས་གནད་ས་སྲ་བརྟན་དང་མངོན་འགྱུར་ཡོང་བའི་ཆབ་སྲིད་ཀྱི་འགན་ཆེན་ལ་དམིགས་ནས་དམིགས་སའི་རང་བཞིན་ཆེ་བ་དང་། རིན་ཐང་ཆེ་བ། འཐེན་ཁྲིད་ནུས་པ་འདང་ངེས་བཅས་ཀྱི་བཅོས་བསྒྱུར་བྱེད་ཐབས་ཁག་གཅིག་ཇུས་འགོད་བྱས་ཏེ་ཚད་བརྒལ་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་བཅོས་བསྒྱུར་གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་བ་མགྱོགས་མྱུར་ཆགས་པ་བྱས་ནས་བཅོས་བསྒྱུར་དེ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་བརྟན་པོ་སྐྱོད་པར་བསྐུལ་དགོས། བསམ་བློའི་འཆིང་རྒྱ་མེད་པར་བཟོས་ནས་བཅོས་བསྒྱུར་དམ་འཛིན་བྱེད་པ་དང་། ཤེས་བྱའི་སྟོང་ཆ་དང་། ཉམས་མྱོང་གི་མི་འདང་ས། ནུས་པའི་ཞན་ཆ་བཅས་མགྱོགས་མྱུར་ཁ་གསབ་བྱེད་པ། དོན་གཉེར་དང་ཚོད་ལྟ་བྱེད་ཕོད་པའི་ལས་སྒྲུབ་བྱ་གཞག་གསར་གཏོད་ཀྱི་རྣམ་པ་བསྐྲུན་ནས་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འདུ་ཤེས་གསར་བཅོས་ཆེན་པོ་བྱེད་པ་བཅས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་དགོས།
གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་བཅོས་བསྒྱུར་དམ་འཛིན་བྱེད་པ་དང་། རིག་གནས་ཡུལ་སྐོར་དང་ནུས་རྒྱུ་གཙང་མ། ཁྱད་ཆོས་ཞིང་འབྲོག་ཐོན་ལས་བཅས་ཀྱི་སྐྱེ་ཁམས་ར་བ་འཛུགས་ཤིང་ཐོན་ལས་འཁོར་སྐྱོད་གཙོ་བོ་སྟོབས་ཆེར་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཞུགས་དང་སློབ་གསོ། སྨན་བཅོས། སྡོད་ཁང་། སྤྱི་ཚོགས་འགན་ལེན་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ཟབ་ཏུ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་གདེང་འཇོག་དང་མངོན་འགྱུར་ལམ་སྲོལ་འཛུགས་པ། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་འགོག་ཟོན་དང་འཚུབ་བསྟུན་ཐག་གཅོད་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་བཅོས་བསྒྱུར་གྱིས་འཕེལ་རྒྱས་ལ་སྐུལ་བ་དང་དམངས་འཚོར་ཕན་པ། སྐྱེ་ཁམས་སྐྱོང་བ། བདེ་འཇགས་སྲུང་སྐྱོང་བཅས་ཏན་ཏིག་བྱ་དགོས། དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་བཅོས་བསྒྱུར་དམ་འཛིན་བྱེད་པ་དང་། ལོ་འཁོར་གྱི་བཅོས་བསྒྱུར་ལས་འགན་ཚད་གཞིར་འཛིན་པ་དང་། བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་ལས་ཡུན་ལྡོག་རྩིས། རིས་བཀལ་ནས་ལས་སྒྲུབ་བྱེད་པ་བཅས་བྱས་ནས“དུས་ཚོད་རེའུ་མིག་དང་ལམ་ཐིག་རིས།འགན་འཁྲི་མི་སྣ”བཅས་མཉམ་འབྲེལ་བྱེད་པར་སྐུལ་ཏེ། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པ་དང་། འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་བཅོས་བསྒྱུར་སྤུས་རྟགས་གཏོད་པར་བརྩོན་དགོས།
ཚོགས་འདུར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་ཐག་རྦད་བཅད་ཀྱིས་བཅོས་བསྒྱུར་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ནས་འགན་འཁྲིའི་སྦྲེལ་ཐག་དམ་པོར་བཟུང་སྟེ་བཅོས་བསྒྱུར་ལས་འགན་ཁག་གི་འབྲེལ་བའི་རང་བཞིན་དང་ཟུང་སྦྱོར་རང་བཞིན་ཁོང་དུ་ཆུད་པ་དང་། གཅིག་གྱུར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དཔྱད་ཞིབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། “ཕྱོགས་གསུམ་པའི་དཔྱད་དཔོག”ལམ་སྲོལ་སྤྱད་དེ་བཅོས་བསྒྱུར་ཟབ་སྤེལ་གྱིས་དཀར་མཛེས་ཁུལ་གྱི་ལས་དོན་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་ཨུ་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ནང་ཞུགས་ཡོད།།
( ལྷ་འཛོམས་ཀྱིས་བསྒྱུར།)
