国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔེ་ཀློག་གི་ཉིན་མོ་དང་དཔེ་ཆ།

སྔོན་དུས་དཔེ་ཀློག་ཅེས་པ་ཤོག་ལྷེབ་ཕར་བརྗེ་ཚུར་བརྗེ་བྱེད་པའི་སྒྲ་ཡོད་པའི་སྟེང་། ད་ལྟའི་དུས་ཚོད་འདི་བཞིན་མི་རེའི་ལག་ལ་འཆང་བའི་ཁ་པར་ནང་ནས་ཀློག་འབྲི་མི་ནུས་པར་གྱུར་ཡོད་པ་གསལ་པོ་རེད། དུས་ཀྱི་འགྱུར་ལྡོག་དང་མི་འགའི་ཀླད་པའི་འཁོར་སྐྱོད་ཡར་འཕེལ་ནས་ཡིག་བཏགས་ཁ་པར་དང་རྩིས་འཕྲུལ་སོགས་ནས་ནུས་ཤིང་། དཔེ་ཆ་ཡག་ཤོས་ཆེ་ཆུང་མེད་པར་དྲ་བ་ཡོད་མེད་དང་དུས་དང་ཁོམ་ལོང་ཡོད་པའི་ནང་ལ། འགྲོ་འདུག་འཆག་གསུམ་ལ་བེད་སྤྱོད་ཐུབ་པའི་ལག་གི་ཁ་པར་ནང་ནས་ལྟ་བ་དང་ཀློག་ཐུབ་པར་གྱུར་ཡོད། གཞན་སྤྱི་སྟེགས་དང་དྲ་བ་དེ་ཀུན་ཡི་གེ་ཀློག་པ་དང་། རྒྱུ་ཆ་འཚོལ་བདེ་བའི་གྲོགས་སུ་ཅིའི་ཕྱིར་མ་སོང་ངམ།

ད་ལྟའི་ཆར་མི་སྣ་སྒེར་གྱིས་བསྐྲུན་པའི་སྤྱི་སྟེགས་དང་ཚགས་པར་ཡོད་པའི་སྟེང་། དེ་ལས་གྲག་ཆེ་ཞིང་རྒྱུག་ཆེ་བའི་ཚགས་པར་ཁང་དང་སྤྱི་སྟེགས་བཟང་གྲས། དྲ་བ་རྩེ་གྲ་མང་དུ་མཐོང་རྒྱུ་ཡོད་པ་དེ་དག་གི་སྟེང་ནས་དཔེ་ཆ་ཀློག་པའི་བྱ་བ་རྫོགས་ཐུབ་བཞིན་ཡོད། ངའི་གཡས་གཡོན་གྱི་དཔེ་ཆ་ལ་དགའ་མཁན་དང་དཔེ་ཆ་ཀློག་མཁན་མང་ཤས་ཀྱིས་སྙན་ངག་དང་དཔྱད་རྩོམ། ཚིགས་བཅད་དང་སྤེལ་མ། རྩོམ་ལུས་མང་ཤས་ཤིག་དྲ་བའི་སྟེང་དང་། རྩོམ་སྒྲིག་པ་དག་གིས་གཟའ་འཁོར་རེ་རེའི་ཚགས་པར་གྱི་ཤོག་བུར་བཀོད་པ་དག་ལ་ཀློག་མཁན་ཡང་མང་དུ་མཆིས།

སྤྱིའི་ཆ་ནས་རང་ལ་དཔེ་ཁང་དང་། དཔེ་ཁང་ནང་དུ་དཔེ་ཆ་ཡོད་ན་དེ་ནི་དཔེ་ཆ་ལ་དགའ་སྟངས་ཡག་ཤོས་ཤིག་རེད་མོད། སྐབས་དང་སྐབས་སུ་ཡུལ་དང་ས་ཆ་དུ་མར་བསྐྱོད་ནས་འགྲོ་མཁན་ཞིག་ལ་དྲ་བ་དང་སྤྱི་སྟེགས། འཕྲུལ་དེབ་དང་དྲྭ་ལམ་ནས་མཐོང་ཐུབ་པའི་ཚགས་པར་དག་དཔེ་ཆ་ཞིག་གི་ཚབ་ཏུའང་གྱུར་ཡོད། སྐད་ཆ་ཉུང་ངུ་འདིའི་འཕྲལ་དུ། ང་ཚོ་དཔེ་ཀློག་གི་དུས་ཚོད་ཆེས་གཅེས་པར་ཤོག་ཞུ་བ་ཡིན།

༼ ཆོས་འབྱོར་རྒྱ་མཚོ། ༽