ཉེ་ཆར། དུས་ཡུན་ཉིན6རིང་གི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་བཤམ་སྟོན་འདུ་ཚོགས་སྐབས་དྲུག་པ་མཇུག་བསྒྲིལ།སྐབས་འདིའི་འཛད་རྫས་བཤམ་སྟོན་འདུ་ཚོགས་ལ་རིམ་རྩིས་བྱས་ན་བཤམ་ཚོགས་སུ་ཡོང་བའི་ལྟད་མོ་བའི་མི་གྲངས་དང་།བཤམ་སྟོན་གྱི་སྤྱིའི་རྒྱ་ཁྱོན་དང་རྒྱལ་སྤྱིའི་འགྲེམ་དངོས་ཀྱི་བསྡུར་ཚད་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ། ཀྲུང་གོའི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རྒྱས་ལ་སྒོ་དབྱེའི་ཡིད་དབང་འཕྲོག་ནུས་མངོན་པ་རེད།
སྐབས་འདིའི་བཤམ་སྟོན་འདུ་ཚོགས་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི14.3ལ་ཟིན་ཏེ་སྐབས་གོང་མ་ལས་སྨི་གྲུ་བཞི་མ་ཁྲི1.3འཕར་བ་རེད། རྒྱལ་ཁབ་དང་ས་ཁུལ67ནས་ཡོང་བའི་འཛད་སྤྱོད་སྤུས་རྟགས3413འགྲེམ་སྟོན་བྱས་པ་དང་། རྒྱལ་སྤྱིའི་བཤམ་རྫས་ཀྱིས་བརྒྱ་ཆ65བཟུང་བ་དེ་སྐབས་གོང་མ་ལས་བརྒྱ་ཆའི་གྲངས20འཕར་ཡོད།རིམ་རྩིས་བྱས་ན་བཤམ་སྟོན་འདུ་ཚོགས་སུ་ཡོང་བའི་ལྟད་མོ་བ་ཁྲི34ལས་བརྒལ་ཞིང་། སྤྱི་ཟླ4པའི་ཚེས18ཉིན་ཚོགས་ར་གཙོ་བོར་ཉིན་གཅིག་ལ་བཤམ་སྟོན་འདུ་ཚོགས་སུ་ཡོང་མཁན་ཁྲི6ལས་བརྒལ་བས། རིམ་རྩིས་བྱས་ན་བཤམ་སྟོན་འདུ་ཚོགས་སུ་ཡོང་བའི་མི་གྲངས་དང་ཉིན་རེར་ཡོང་བའི་མི་གྲངས་གཉིས་ཀས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།།
