国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་ཀར་རྟོག་ཞིབ་སྐུལ་ཁྲིད་དང་མང་ཚོགས་འདྲི་གཏུག་དང་ལེན་གནང་སྐབས།

མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས་རྩ་ལག་མཉམ་བཅོས་ལ་ཤུགས་སྣོན་པ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་འཕྲིན་བཅར་འགལ་བ་སེལ་བར་ནན་འཛིན་བྱས་ནས་མི་དམངས་མང་ཚོགས་ཀྱི་ ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་སྲིང་ངང་ཆེ་རུ་གཏང་དགོས་ཞེས་གསུངས།

7408_01B_20260429ཀྲའོ་པོ་ཡིས་དར་མདོ་གྲོང་ཁྱེར་མི་རིགས་སྨན་ཁང་དུ་རྟོག་ཞིབ་གནང་བཞིན་པ།

སྤྱི་ཟླ4པའི་ཚེས23ཉིན།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་དར་མདོ་གྲོང་ཁྱེར་དུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་ཀར་རྟོག་ཞིབ་སྐུལ་ཁྲིད་དང་མང་ཚོགས་འདྲི་གཏུག་དང་ལེན་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་སྐོར་གྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་རིམ་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བ། མང་ཚོགས་ཀྱིས་སེམས་ཁུར་བྱས་པའི་གནད་དོན་ལ་དམིགས་ནས་རྩ་གཞི་མཉམ་བཅོས་ལ་ཤུགས་སྣོན་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་འཕྲིན་བཅར་འགལ་བ་སེལ་རྒྱུར་ནན་འཛིན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་སྲིང་ངང་མཐོ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

དར་མདོ་གྲོང་ཁྱེར་མི་རིགས་སྨན་ཁང་དུ་ཀྲའོ་པོ་ཡིས་དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་སྨན་བཅོས་འགན་ལེན་ཐེབས་རྩ་དོ་དམ། དབང་ཆ་ཆུང་ངུ་ལྟ་སྐུལ་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་བླངས་ནས་ཡུལ་དངོས་སུ་སྒོ་བསྟེན་དང་སྡོད་བཅོས་སོགས་ཞབས་འདེགས་ཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་གཅིག་བསྡུས་བཅོས་སྐྱོང་ལས་ཀའི་སྙན་ཞུ་ལ་གསན་འཇོག་གནང་བ་རེད།

དར་མདོ་གྲོང་ཁྱེར་གྱི་གཉའ་ལུང་འགོ་ཁྲོམ་ལམ་གངས་ཆུ་ཟམ་པ་སྤྱི་ཁུལ་དུ་ཀྲའོ་པོ་ཡིས་སྤྱི་ཁུལ་གྱི་འགན་ཁུར་མི་སྣ་དང་གཞི་རིམ་ཏང་མི་ལས་བྱེད་པ་བཅས་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ། ལས་སྒོ་གཉེར་སྒྲུབ་བྱེད་རིམ་འདྲི་བ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པ་དང་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ།སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་ཆ་རྒྱུས་བླངས་ནས་སྤྱི་ཁུལ་ལས་ཀར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བ་དེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ། སྤྱི་ཁུལ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཉེ་སར་ཡིན་པས། ངེས་པར་དུ་མི་དམངས་ཀྱི་དོན་དུ་བདེ་སྐྱིད་སྐྲུན་པ་དེ་སྲིད་འགན་ལག་རྗེས་ཆེ་ཤོས་སུ་བྱ་དགོས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་རྒྱུན་འཁྱོངས་དགོས། རྒྱ་ཁྱབ་ཏུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་དང་། མུ་མཐུད་ནས་ཕྱི་ཚུལ་རིང་ལུགས་ཀྱི་བཅོས་སྐྱོང་ཟབ་ཏུ་གཏང་དགོས། རྫོང་དང་ཡུལ་ཤོག་གི་སྐབས་བརྗེའི་ལས་ཀ་ཡག་པོ་བསྒྲུབས་ནས་སྤུས་ཚད་མཐོན་པོ་དང་ཚད་ལྡན་མཐོན་པོས་སྐབས་བརྗེ་ལས་འགན་ཁག་ལེགས་པོར་བསྒྲུབ་དགོས།

ཁུལ་གྱི་མགོ་ཁྲིད་ཝང་ཞིན་ཆོན་དང་ཧྥུང་ཝེ་ལིའང་། དར་མདོ་གྲོང་ཁྱེར། བརྒྱད་ཟིལ་རྫོང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་རྟོག་ཞིབ་ཏུ་ཞུགས་ཤིང་འཕྲིན་བཅར་དང་ལེན་བྱས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)