国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁུལ་དང་གྲོང་ཁྱེར་མཉམ་འགུལ་སྐུལ་འདེད་ཚོགས་འདུར།

ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ལ་དམིགས་པ་དང་རྒྱུན་རྣམ་ཅན་གྱི་དོ་དམ་རྒྱུན་འཁྱོངས་ཏེ་དར་མདོ་གྲོང་ཁྱེར་གྱི་ཚུལ་ལྡན་གཏིང་ཤུགས་ཁྱོན་ཡོངས་ནས་མངོན་པ་བྱ་དགོས་ཞེས་གསུངས།

སྤྱི་ཟླ4པའི་ཚེས24ཉིན། དར་མདོ་གྲོང་ཁྱེར་ཚུལ་ལྡན་འཛུགས་སྐྱོང་ཁུལ་དང་གྲོང་ཁྱེར་མཉམ་འགུལ་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།ཁོང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གྲོང་ཁྱེར་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་དང་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་གཟེངས་བསྟོད་ཚོགས་ཆེན་གྱི་སྙིང་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ།ཡིད་ཆེས་བརྟན་པོ་དང་ངར་ཤུགས་གཅིག་སྒྲིལ། གཙོ་གནད་ལ་དམིགས་ནས་ཤུགས་བརྒྱག་པ་བཅས་དང་། ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ལ་དམིགས་པ་དང་རྒྱུན་རྣམ་ཅན་གྱི་དོ་དམ་རྒྱུན་འཁྱོངས་ཏེ། དར་མདོ་གྲོང་ཁྱེར་གྱི་ཚུལ་ལྡན་གཏིང་ཤུགས་ཁྱོན་ཡོངས་ནས་མངོན་པ་བྱ་དགོས་ཞེས་ནན་གསུང་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུར་བསྟན་དོན། དར་མདོ་གྲོང་ཁྱེར་རྒྱལ་ཡོངས་ཀྱི་ཚུལ་ལྡན་གྲོང་ཁྱེར་སྐབས་བརྒྱད་པའི་མིང་འདོན་གྲོང་ཁྱེར་ནང་ཚུད་པ་དེས་རང་ཁུལ་གྱི་ཚུལ་ལྡན་གྲོང་ཁྱེར་སྐྲུན་པའི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་འགག་རྩའི་གོམ་སྟབས་ཤིག་སྤོས་པ་དང་། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ལེའུ་གསར་པ་ཞིག་བརྩམས་པ་རེད། ( པར་ངོས་གཉིས་པར་གཟིགས།)