སྤྱི་ཟླ4པའི་ཚེས22ཉིན། ཁུལ་སྲིད་གཞུང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ནར་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་དར་མདོར་འཚོགས། ཚོགས་འདུར་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ། ལས་དོན་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ། 2026ལོའི་ཁུལ་ཡོངས་ཀྱི་བུད་མེད་དང་བྱིས་པ། སྐྱེ་བོ་ལོ་ན་མ་སོན་པ་བཅས་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གཞུང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་དབྱངས་ཅན་ཚོགས་འདུར་ཞུགས་ཤིང་གཏམ་བཤད་བྱས་པ་རེད།
ཚོགས་འདུར་བསྟན་དོན། བུད་མེད་དང་བྱིས་པའི་བྱ་གཞག་ནི་དམངས་འཚོའི་བདེ་སྐྱིད་དང་། སྤྱི་ཚོགས་འཆམ་མཐུན།ཕུགས་ཡུན་འཕེལ་རྒྱས་བཅས་དང་འབྲེལ་བ་དམ་པོ་ཡོད་པའི་རྨང་གཞི་རང་བཞིན་གྱི་ལས་དོན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱ་དགོས།འགན་འཁྲི་སྔར་བས་འཁུར་ཕོད་པ་དང་། བྱེད་ཐབས་སྔར་བས་ཏན་ཏིན། སྤྱོད་ཚུལ་སྔར་བས་ལེགས་པ་བཅས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བསྐུལ་དགོས།
ཚོགས་འདུར་ནན་གསུང་གནང་དོན། གཙོ་གནད་ལས་འགན་ལ་དམིགས་ཏེ་དོན་འཁྱོལ་ནན་འཛིན་བྱ་དགོས། ཤུགས་ཡོད་དགུས“རྩ་འཛིན་གཉིས”ཀྱི་དམིགས་ཚད་དོན་འཁྱོལ་ཐུབ་པར་སྐུལ་འདེད་བཏང་སྟེ། “རྩ་འཛིན་གཉིས”ལག་ལེན་བསྟར་བར་སྐུལ་འདེད་མགྱོགས་སུ་གཏོང་སྟེ་ཞན་ཆ་དང་མི་འདང་ས་གསབ་གང་ཐུབ་བྱས་ནས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱ་དགོས། བུད་མེད་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། བུད་མེད་ཀྱི་ལས་གཏོད་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པ། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། བུད་མེད་དང་བྱིས་པའི་བདེ་ཐང་གི་ཞབས་ཞུ་ཏན་ཏིན་སྒྲུབ་པ། ཁྱོན་ཡོངས་ནས་སྐྱེ་བོ་ལོ་ན་མ་སོན་པའི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱིམ་ཚང་གི་ལྟ་སྐྱོང་འགན་འཁྲི་གཙོ་བོ་ནན་དུ་གཏོང་བ། སློབ་གྲྭས་མི་གསོ་སྐྱོང་གི་འགན་ལེན་རྨང་གཞི་བརྟན་དུ་གཏོང་བ། སྤྱི་ཚོགས་མཐུན་སྦྱོར་སྲུང་སྐྱོང་ལ་ཤུགས་སྣོན་པ། ཁྲིམས་འཛིན་འགན་སྲུང་གི་མཐིལ་ཚད་བརྟན་པོ་སྲུང་བ། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་བརྒྱབ་ཏེ་ཁྱིམ་སྲོལ་དང་ཡུལ་སྲོལ་བཟང་པོ་དར་སྤེལ་བཏང་ནས་སྲོལ་རྒྱུན་གྱི་སྤྱོད་བཟང་དང་དེང་རབས་ཀྱི་འདུ་ཤེས་ཁྱིམ་ཚང་མང་པོར་ཁྱབ་ཏུ་བཅུག་སྟེ་ཁྱིམ་ཚང་འཆམ་མཐུན་བདེ་སྐྱིད་ཡོང་བར་བསྐུལ་དགོས། བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཞན་ཆ་དང་མི་འདང་ས་གསབ་གང་ཐུབ་བྱས་ཏེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ནས་བུད་མེད་དང་བྱིས་པའི་བྱ་གཞག་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུར་ཤུགས་ཡོད་དགུས་འགན་ལེན་བྱ་དགོས།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
