国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)ཡིན་ནའང་གསར་སྐྲུན་གྱི་འགྲན་རྩོད་ཆེ་བ་དང་ཚད་གཞི་མཐོ་བ། གོ་རིམ་ནན་པོ་བཅས་ཡིན་པས། རིམ་པ་ཁག་དང་སྡེ་ཚན་སོ་སོས་འཐབ་ཇུས་ཀྱི་ཚུགས་ཤུགས་མཐའ་འཁྱོངས་དང་།ཡུན་རིང་འབད་པ་རྒྱུན་འཁྱོངས།བསྟུད་མར་དམག་འཐབ་བྱེད་པའི་ངར་ཤུགས་དང་སེམས་ཤུགས་བརྟན་པོ་མཐའ་འཁྱོངས་དང་། ཐོག་མའི་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས། རེ་རེ་བཞིན་དམིགས་འབེན་ལ་གཞིགས་ནས་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་དང་། གནད་དོན་དབྱེ་ཞིབ་མཐར་ཕྱིན་བྱས་ནས་བྱ་ཐབས་དོན་ཐོག་ཏུ་འཁྱོལ་ཏེ་རྒྱལ་ཡོངས་ཀྱི་ཚུལ་ལྡན་གྲོང་ཁྱེར་སྐྲུན་པའི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

ཚོགས་འདུར་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆར་ཤུགས་ཡོད་རྒུས་ཁ་གསབ་དང་། གྲོང་ཁྱེར་ནང་གི་གྲོང་སྡེ་དང་སྡེ་ཁུལ་རྙིང་པ་སྒྱུར་བཀོད་ལ་གོ་རིམ་ལྡན་པའི་ངང་བསྐུལ་ནས་སློབ་གསོ་དང་། སྨན་བཅོས། རིག་གནས། ལུས་རྩལ་སོགས་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་བཏང་ནས་དེང་རབས་ཅན་གྱི་རིག་ནུས་རླངས་འཁོར་འཇོག་ས་དང་གྲོང་ཁྱེར་གྱི་གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་བཅས་གྲོང་ཁྱེར་གྱི་ཐེག་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་ལམ་བཟུང་གཉེར་སྐྱོང་དང་རླངས་འཁོར་གང་བྱུང་དུ་འཇོག་པ།དངོས་རྫས་གང་བྱུང་དུ་འཇོག་པ།མཚམས་སྦྱོར་བརྡ་ཁྱབ་ཆུང་གྲས་གང་བྱུང་དུ་སྦྱར་བ་བཅས་ཀྱི་བྱ་སྤྱོད་བཅོས་སྒྲིག་བྱས་ཏེ། ཞབས་ཞུ་ཀུན་ཁེབས་དང་དོན་ཐོག་ཞིབ་འཁྱོལ་ཀྱི་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏང་དགོས།གྲོང་ཁྱེར་གྱི་ཚུལ་ལྡན་དར་སྲོལ་གསར་པ་གསོ་སྐྱོང་གང་ལེགས་བྱས་ནས་རིགས་ཁག་གི་ཚུལ་ལྡན་གསར་སྐྲུན་བྱེད་སྒོའི་གཞི་རྟེན་ཡག་པོ་སྤྱོད་པ་དང་།མཛའ་གཞས་རིག་གནས་དང་།མི་ཉག་རིག་གནས་སོགས་རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་བརྒྱུད་འཛིན་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ།རིག་གནས་གསར་གཏོད་ཀྱི་ཉམས་ལེན་དང་གཟུགས་མེད་རིག་གནས་ཤུལ་བཞག་ཞིབ་འཇུག་རིག་པ། སྤྲོ་གསེང་ཁམས་གསོ་སོགས་ཀྱི་རྣམ་པ་གསར་པ་གསར་སྤེལ་ཤུགས་ཆེན་བྱས་ཏེ། རིག་གནས་ཐོན་ལས་དང་གྲོང་ཁྱེར་འཕེལ་རྒྱས་ཕྱོགས་གཉིས་ལ་ནུས་པ་སྦྱིན་པར་བསྐུལ་དགོས། གྲོང་ཡུལ་མཐུན་སྦྱོར་ངང་གོང་དུ་སྤེལ་བར་གཅིག་གྱུར་བསྐུལ་བ་དང་།གྲོང་ཡུལ་གཞི་གཅིག་ཅན་དང་ས་ཁོངས་ཡོངས་སུ་གསར་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་པ། དར་མདོ་དང་ལྕགས་ཟམ་ཁ་གཞི་གཅིག་ཅན་དུ་འགྱུར་བར་ཧུར་ཐག་བསྐུལ་བ་དང་། གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏང་དགོས། གྲོང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་གྲོང་སྡེ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། གྲོང་ཡུལ་མཉམ་སྡེབ་ཀྱིས་སྤྱི་ཡོངས་ཀྱི་ཚུལ་ལྡན་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

( བདེ་སྐྱིད་དང་སྐལ་བཟང་རྒྱ་མཚོས་བསྒྱུར།)