国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུས་རབས་ཀྱི་དཔེ་བཟང་བློ་མཐུན་ཏན་ཞིང་ཧྭ་ཡི་སྔོན་ཐོན་མཛད་རྗེས་སྙན་ཞུ་ཚོགས་འདུ་པེ་ཅིང་དུ་འཚོགས།

ཉེ་ཆར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཚན་རྩལ་པུའུ།འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཀྲུང་གོ་རྒྱལ་ཁབ་ལྕགས་ཟམ་ཚོགས་པ་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་དུས་རབས་ཀྱི་དཔེ་བཟང་བློ་མཐུན་ཏན་ཞིང་ཧྭ་ཡི་སྔོན་ཐོན་མཛད་རྗེས་ཚོགས་འདུ་འཚོགས་པ་རེད།

བློ་མཐུན་ཏན་ཞིང་ཧྭ་ནི་ཀྲུང་གོ་ལྕགས་ལམ་ཚན་རིག་ཞིབ་འཇུག་ཁང་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་དབུ་བཞུགས་ཞིབ་འཇུག་ཆེན་མོ་བ་དང་ལྕགས་ལམ12306ལག་རྩལ་ལྟེ་བའི་སྤྱི་ཁྱབ་བཟོ་བཀོད་པ་ཞིག་ཡིན། ཁོང་གིས་མི་དམངས་ལྕགས་ལམ་གྱི་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་ནས་ཆེད་ལས་མངའ་ཁོངས་ལ་དམིགས་ཏེ། རང་རྒྱལ་གྱི་ལྕགས་ལམ་འགྲུལ་བཞུད་སྤ་སེ་མ་ལག་ཞིབ་འཇུག་གསར་སྤེལ་དུ་ལས་ཀ་བསྒྲུབས་ནས་ལོ30ཙམ་འགོར་བ་དང་། ལྕགས་ལམ་སྐྱེལ་འདྲེན་རྩ་འཛུགས་དང་འགྲུལ་པ་ཞབས་ཞུ་སོགས་ལག་རྩལ་ཞིབ་འཇུག་གཙོ་སྐྱོང་བྱས་ཤིང་། ཚོགས་པའི་སྣེ་ཁྲིད་དེ12306མ་ལག་འཕེལ་རྒྱས་བསྐྲུན་པ་དེ་གོ་ལ་ཧྲིལ་པོའི་ཉོ་ཚོང་གྲངས་འབོར་སྔོན་ཐོན་གྱི་དུས་ཐོག་སྤ་སེ་ལས་དོན་མ་ལག་ཆེ་གྲས་ལ་གྱུར་པས།རང་རྒྱལ་གྱི་ལྕགས་ལམ་ཨང་ཀི་ཅན་དང་རིག་ནུས་ཅན་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ཁོང་ལ“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”དང“ལྕགས་ལམ་པ་ཆེས་བཟང་པོ།”“འབད་འཐབ་པ་ཆེས་བཟང་པོ”སོགས་ཀྱི་མཚན་སྙན་ཐོབ་པ་རེད། 2024ལོའི་ཟླ་བ12པར་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཁོང་ལ་དུས་རབས་ཀྱི་དཔེ་བཟང་གི་མཚན་སྙན་གནང་བ་དང་།ཁོང་ནི་ཚན་རྩལ་གསར་གཏོད་གྱི་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་ལྕགས་ལམ་གྱི་གདོང་ལེན་པ་ཞིག་ཡིན་པར་བསྔགས་བརྗོད་བྱས་ཏེ། རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས།དམིགས་བསལ་གྱི་ཚན་རྩལ་ལས་དོན་པ།ལྕགས་ཟམ་ལས་དོན་པ་སོགས་ཀྱིས་བློ་མཐུན་ཏན་ཞིང་ཧྭ་ལ་སློབ་སྦྱོང་བྱེད་པའི་འབོད་སྐུལ་བཏང་བ་རེད།

སྙན་ཞུ་ཚོགས་འདུར་སྙན་ཞུ་ཚོགས་པའི་ཁོངས་མི་ཀྲང་ཞུའེ་སུང་དང་ཝང་མིང་ཀྲེ། ཞུས་ཡོན་ཡོན།ཝུའུ་ཀྲེང་བཅས་ཀྱིས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་སྙན་ཞུ་ཕུལ་བ་དང་། བློ་མཐུན་ཏན་ཞིང་ཧྭ་ལྕགས་ལམ་ཚན་རྩལ་གསར་གཏོད་གྱི་འཐབ་ཕྱོགས་དང་པོར་ཞུགས་ནས་འགྲུལ་པའི་འགྲོ་སྐྱོད་དགོས་མཁོར་བློ་རྩེ་གཅིག་སྒྲིམ་གྱིས་ཞབས་འདེགས་ཞུ་བའི་མི་སེམས་འགུལ་བའི་མཛད་རྗེས་བརྗོད་པ་དང་། བློ་མཐུན་ཏན་ཞིང་ཧྭ་ཡིས་ང་ནི་བདེ་སྐྱིད་ཀྱི་འབད་འཐབ་པ་ཞིག་ཡིན་ཞེས་པའི་གཙོ་དོན་བྱས་ཏེ་རང་ཉིད་ཀྱི་ཚེ་གང་པོར་ལྕགས་ལམ་ལས་དོན་བྱ་གཞག་ལ་དགའ་ཞེན་དང་འབད་འབུངས་བྱེད་པའི་བརྒྱུད་རིམ་བརྗོད་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད།

པེ་ཅིང་དུ་ཡོད་པའི་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་དང་ལྕགས་ལམ་ལས་བཟོ་པ། ཚན་རྩལ་ལས་དོན་པ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་པ། ལྕགས་ཟམ་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་འཐུས་མི། རྒྱལ་སའི་སློབ་མ་འཐུས་མི་བཅས་སྙན་ཞུའི་ཚོགས་འདུར་ཞུགས་པ་རེད།། ( བདེ་ཆེན་གྱིས་བསྒྱུར།)