国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁམ་བུའི་མེ་ཏོག་ བཀྲ་སོང་།

མཛེས་པའི་ལྗོན་ཤིང་ཕྲ་མོ།།

སྐྱེད་པའི་ལང་ཚོ་བཀྲ་འདུག།

ཁམ་ཤིང་མེ་ཏོག་རྒྱས་བཞིན།

ཁམ་བུ་ཁ་ལ་ཞིམ་སོང་།།

དཔྱིད་དཔལ་ག་ལེར་བཞད་ནས།།

ཡུལ་ལུང་མཛེས་པའི་ཞལ་ཁ།།

དེ་རིང་ཁ་སང་བཞད་བཞིན།།

འདྲེན་བྱེད་ལམ་ལ་མངོན་འདུག།

ལྡེམ་པའི་ཁམ་ཤིང་སྡོང་པོར།།

འདབ་མ་མཛེས་སྡུག་བཞད་འདུག།

འདབ་ལོ་རླུང་གིས་སྤུར་ནས།།

འདྲེན་བྱེད་ལམ་ལ་སྡུག་སོང་།།

ཡུལ་གྱི་ཁ་དོག་བརྗེས་ཤིང་།།

ལྗོན་པའི་ལྗང་མདོག་སྔོ་བྱུང་།།

དག་པའི་བསོད་ནམས་ཞིང་དུ།།

མཛེས་སྡུག་རྣམ་པ་སྨིན་སོང་།།

ཁམ་ཤིང་ལམ་ཕྲན་བརྒྱན་སོང་།།

མེ་ཏོག་ཡུལ་དུ་འཐོར་འདུག།

མཛེས་པའི་ལྷ་ལམ་བཞིན་དུ།།

གང་སར་མཛེས་སྡུག་རྒྱས་སོང་།།

ལྗོན་ཤིང་དཔལ་གྱིས་དུད་ལ།།

སེམས་པ་ཡིད་སྤྲོ་གནང་བྱུང་།།

དགའ་སྐྱོ་ཚོར་བའི་འདྲེས་མ།།

ངའི་སྣང་འཇམ་པོ་མྱོས་སོང་།།

༼ སྙན་རྐང་གླིང་། ༽