国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྕགས་ཟམ་རྫོང་མཚོ་གཉིས་ཡུལ་ཤོག་ཏུ་མི་སྟོང་འཛོམས་པའི་འདུ་ཚོགས་སྤེལ།

7286_06B_20260427ལ་གླུ་ལེན་བཞིན་པ།

7289_06B_20260427སྐྱིད་པའི་གླུ་དབྱངས་ལེན་བཞིན་པ།

7284_06B_20260427སེའུ་དམར་པོ་རབ་ཏུ་བཞད་པ།

7276_06B_20260427སེང་འབྲུག་ཚོན་སྒྲོན།

7278_06B_20260427ཡུལ་སྐོར་བས་ས་གནས་ཁྱད་ཆོས་ཐོན་རྫས་ཉོ་བཞིན་པ།

7313_06B_20260427སེའུ་བཏོགས་པའི་དགའ་སྤྲོ།

ཉེ་ཆར། “སེའུ་དམར་པོས་ཞིམ་མངར་སྟེར་བའི་ལྕགས་ཟམ་ཁ”གཙོ་དོན་དུ་བྱས་པའི“ལྕགས་ཟམ་རྫོང་གི2026ལོའི་སེའུ་དམར་པོ་འཐུ་བའི་མྱོང་རོལ་དུས་ཚིགས”རི་མཇུག་གྲོང་རྡལ་མཚོ་གཉིས་གྲོང་སྡེ་རུ་འགོ་བཙུགས་པ་རེད། ཡུལ་སྐོར་བ་སྟོང་ཕྲག་ལས་བརྒལ་བ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་འཛོམས་ནས་ཞིང་ཚོང་རིག་གནས་ཡུལ་སྐོར་གཞི་གཅིག་ཏུ་འདུས་པའི་དཔྱིད་དུས་ཀྱི་འདུ་འཛོམས་གཟབ་རྒྱས་དེར་མཉམ་དུ་འཛོམས་ནས་སེའུ་དམར་པོའི་ཞིམ་མངར་གྱི་བྲོ་བ་དང་ལྕགས་ཟམ་ཁའི་རང་བྱུང་ལྷུན་ཆགས་ཀྱི་ཡུལ་ལྗོངས། གསར་བརྗེའི་ལོ་རྒྱུས་རིག་གནས་བཅས་ལ་མྱོང་རོལ་བྱས་པ་རེད།

སེང་འབྲུག་ཚོན་སྒྲོན་དང་ལ་ངོས་སྐོར་བྲོ། ཕུའུ་ཅང་ཇ་ཡི་སྒྱུ་རྩལ་སོགས་ཀྱི་ལེ་ཚན་རེ་རེ་འཁྲབ་སྟོན་བྱས་ཤིང་། སེའུ་དམར་པོ་ཡིས་ཁྱེད་རང་ལྕགས་ཟམ་ཁ་རུ་ཡུལ་སྐོར་ལ་ཁྲིད་ཅེས་པའི་རིག་གནས་ཡུལ་སྐོར་ངོ་སྤྲོད་བྱས་ཤིང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་དང་མགྲོན་པོ་རྣམ་ལ་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་ཞུས། གསར་བརྗེའི་རྒྱུགས་རྩལ་འགྲན་སྡུར་དམངས་ཡོངས་མྱོང་རོལ་བྱེད་སྒོས་ཡུལ་སྐོར་བ་སྟོང་ཕྲག་མང་པོའི་ཡིད་དབང་བཀུག་ཅིང་མང་ཚོགས་ལྟད་མོ་བའི་དགའ་འབོད་ཀྱི་སྒྲ་དབྱངས་གནམ་ས་ཁྱབ་པ་རེད། སེའུ་དམར་པོའི་ཚོང་འདུས་དུས་མཉམ་དུ་སྤེལ་འགོ་བཙུགས་པ་དང་། ལྕགས་ཟམ་རིག་གནས་གསར་གཏོད། གཟུགས་མེད་རིག་གནས་ཤུལ་བཞག་གི་བརྩམས་ཆོས། ལ་ངོས་ཚེམ་དྲུབ་དང་འབྲི་གཡག་ཤ་སྐམ། སུར་པན། སྟར་ཀ་སོགས་ཡུལ་ཐོན་ཁྱད་ཆོས་ཐོན་རྫས་གཅིག་བསྡུས་ཀྱིས་འགྲེམ་སྟོན་བྱས་ཤིང་། ཁྱད་ཆོས་ཞོར་ཟས་སྣ་ཚོགས་ཀྱི་དྲི་ཞིམ་སྣ་ལམ་དུ་འཐུལ་བ་དང་། ཡུལ་སྐོར་བ་དང་གྲོང་མི་ཚོ་ཚོང་རའི་བར་ཁྲོམ་བརྒྱུད་དེ་ཐོན་རྫས་མངགས་ཉོ་བྱེད་བཞིན་འདུག།

མུའུ་སྟོང་གི་སེའུ་སྡོང་ནགས་ཁྲོད་དུ་སྡོང་པོ་རེ་རེའི་ཡ་ག་དང་ལོ་མའི་ཁྲོད་ནས་སེའུ་དམར་པོ་དམར་མདངས་བཀྲ་བར་སྨིན་ཡོད་ལ། སྣོམ་ན་དྲི་མ་ཞིམ་ཞིང་ཟོས་ན་ཤིན་ཏུ་མངར་བས་ཡུལ་སྐོར་བ་དང་ཕྱོགས་སོ་སོ་ནས་ཡོང་བའི་མགྲོན་པོ་མང་པོའི་མྱོང་རོལ་གྱི་གནས་གཙོ་བོར་གྱུར་ཅིང་། གསོན་ཉམས་དང་སྤྲོ་སྣང་ལྡན་པའི་ལྕགས་ཟམ་ཁའི་གསར་བརྗེ་རིག་གནས་ཡུལ་སྐོར་གྱི་ནང་དོན་མངོན་པ་དང་སེའུ་དམར་པོའི་ཁྱད་ཆོས་རིག་གནས་བརྒྱུད་འཛིན་བྱས་ནས་སེའུ་བཏོག་པ་ལས་ཡུལ་སྐོར་བའི་སྤྲོ་སྣང་དང་མྱོང་རོལ་དེ་བས་ཆེ་བར་བཏང་།།( ཨོ་རྒྱན་དང་བདེ་ཆེན་གྱིས་བྲིས།)