国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕྱག་ སོར་ སྒྱུ་ རྩལ་ མར་ རྒྱན་ མཆོད་ པ།

མར་རྒྱན་མཆོད་པ་ནི་མར་གྱི་ནང་དུ་སྔོ་སེར་དཀར་དམར་སོགས་མདོག་མི་ཡལ་བའི་རྡོ་ཚོན་སྣ་ཚོགས་བསྲེས་ནས་མེ་ཏོག་དང་ལྷ་སྐུ།ལྗོན་ཤིང་དང་འདབ་ཆགས། རི་ཆུ་དང་ཡུལ་ལྗོངས།བཀྲ་ཤིས་རྟགས་བརྒྱད་སོགས་གཟུགས་དབྱིབས་སྣ་ཚོགས་ཀྱི་མཆོད་པའི་སྒྱུ་རྩལ་ཞིག་ཡིན་ལ།དེའི་རྣམ་པ་དང་ཚོན་མདངས་མཛེས་ཤིང་ཡིད་དུ་འོང་བ།སྒྱུ་རྩལ་གྱི་ཆུ་ཚད་མཐོ་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་།བལྟས་པ་ཙམ་གྱིས་ཡིད་དབང་འཕྲོག་ནུས་པའི་ས་ཕྱོགས་ཀུན་ན་གྲགས་པའི་མི་རིགས་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བཟོ་རིག་ལག་རྩལ་ཕུན་སུམ་ཚོགས་པ་ཞིག་ཡིན།

འདི་རུ་ཁམས་མི་ཉག་དར་རྩེ་མདོ་རྡོ་རྗེ་བྲག་དགོན་པའི་དབུ་མཛད་ཆེན་མོ་ནོར་བུ་བཟང་པོའི་ཕྱག་སོར་ལས་འཁྲུངས་པའི་སྒྱུ་རྩལ་ཏེ་མཐུན་པ་སྤུན་བཞི་དང་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་སོགས་ཀྱི་མར་རྒྱན་མཆོད་པ་འགའ་བཀོད་པ་ལགས་སོ།།

( ནོར་བུས་པར་བླངས།)