国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཐའེ་ཕིང་རྒྱུ་ནོར་འགན་བཅོལ་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་སྤྱི་ཁྱབ་གཉེར་དཔོན་ཧྲེང་ལི་དང་བཅས་པར་ཐུག་འཕྲད་གནང་།

སྤྱི་ཟླ4པའི་ཚེས29ཉིན་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་དར་མདོ་རུ་ཐའེ་ཕིང་རྒྱུ་ནོར་འགན་བཅོལ་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་ཏང་ཨུའི་ཧྲུའུ་ཅི་སྤྱི་ཁྱབ་གཉེར་དཔོན་ཧྲན་ལི་དང་བཅས་པར་མཇལ་འཛོམས་གནང་རིང་ཕྱོགས་གཉིས་པོས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཐའེ་ཕིང་རྒྱུ་ནོར་འགན་བཅོལ་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་གི་གཉེར་སྐྱོང་འཕེལ་རྒྱས་ཀྱི་གནས་ཚུལ་སོ་སོ་ངོ་སྤྲོད་བྱས་པ་དང་། སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར་ཟབ་ཏུ་གཏོང་བ་དང་། ཞིང་ལས་འགན་བཅོལ་མཁོ་སྤྲོད་ལེགས་སུ་གཏོང་བ། ཡུལ་སྡེ་དར་རྒྱས་ཀྱི་དངུལ་རྩའི་འདེགས་སྐྱོར་ལ་ཤུགས་སྣོན་པ་སོགས་ཐད་སྤེལ་རེས་ཟབ་མོ་བྱས་ནས་དོན་གཉེར་མཉམ་ལས་ཀྱི་ཐབས་ལམ་མཉམ་དུ་ཇུས་འགོད་བྱས། ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཞིན་ཆོན་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་མཇལ་འཛོམས་ནང་ཞུགས་ཡོད།།

( ལྷ་འཛོམས་ཀྱིས་བསྒྱུར།)