国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱང་ཧུང་ཧྲོའུ་ཡིས་དཀར་མཛེས་ཁུལ་གྱི2026ལོའི“སྲིད་ཁེ་ཇ་མོལ”སྤྲོས་ཚོམས་བྱེད་སྒོ་དུས་ཐེངས་བཞི་པར།

ཁེ་ལས་ཀྱི་སེམས་ཁྲལ་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་ཡག་པོ་བསྒྲུབ་ དགོས་གསུངས།

ཉེ་ཆར། དཀར་མཛེས་ཁུལ་གྱི2026ལོའི“སྲིད་ཁེ་ཇ་མོལ”སྤྲོས་ཚོམས་བྱེད་སྒོ་དུས་ཐེངས་བཞི་པ་དར་མདོར་སྤེལ་ཞིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་བྱེད་སྒོར་ཞུགས་ཤིང་དངོས་སུ་ངོ་གཏུག་དང་བརྙན་ལམ་བརྒྱུད་ནས་རིག་གནས་ཡུལ་སྐོར་ཁེ་ལས་འཐུས་མིའི་བསམ་འཆར་དང་གྲོས་འགོར་གསན་འཇོག་གནང་། དར་མདོ་གྲོང་ཁྱེར་མི་རྒོད་མཚོ་དང་རྟའུ་རྫོང་གི་གསེག་རི་གླིང་ག། ལི་ཐང་རྫོང་གི་དུད་སྟོང་བོད་གྲོང་སོགས་ལྗོངས་ཁུལ་ཁེ་ལས་འཐུས་མིས་རིག་གནས་ཡུལ་སྐོར་འཛད་སྤྱོད་བྱ་ཡུལ་བཟོ་སྐྲུན་ཉམས་མྱོང་བགོས་རོལ་བྱས་པ་རེད།

དབྱང་ཧུང་ཧྲོའུ་ཡིས་ཁེ་ལས་དང་སྤེལ་རེས་གནང་སྐབས“སྲིད་གཞུང་དང་ཁེ་ལས་ཀྱི་ཇ་མོལ་སྤྲོས་ཚོམས་བྱེད་སྒོ”གཉེར་བའི་དམིགས་ཡུལ་ནི་སྲིད་གཞུང་དང་ཁེ་ལས་བར་ཐད་ཀར་འབྲེལ་གཏུག་བྱེད་པའི་སྟེགས་བུ་གཏོད་པ་དང་། སྐད་ཆ་དྲང་པོར་ཉན་པ་དང་། དཀའ་གནད་སེལ་བ། འཕེལ་རྒྱས་ཐབས་ལམ་འཚོལ་བ་བཅས་ཡིན་པས། དངོས་ཐོག་བདེན་འཚོལ་དང་ཕན་འབྲས་དངོས་ལ་སྣང་ཆེན་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། ཁུལ་དང་རྫོང་སྲིད་གཞུང་སྡེ་ཚན་གྱིས་ཁེ་ལས་ཀྱི་དོ་ཁུར་ལ་དོ་སྣང་བྱས་ནས་དངོས་སྒྲུབ་བྱེད་ཐབས་བཏོན་པ་དང་ཤུགས་གང་ཡོད་བསྒྲུབ་པ། ནུས་པས་ཅི་ལྕོགས་བསྒྲུབ་པ། ཕྱི་ཚུལ་ཙམ་དུ་མི་ལུས་པ་བཅས་བྱས་ཏེ་ཁེ་ལས་ཀྱི་སེམས་ཁྲལ་ཆེ་བའི་དོན་དག་དེ་སྲིད་གཞུང་གི་ལས་དོན་གལ་ཆེན་དུ་བརྩིས་ནས་དངོས་སྒྲུབ་ལེགས་སྒྲུབ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།( ལྷ་འཛོམས་ཀྱིས་བསྒྱུར།)