སྤྱི་ཟླ5པའི་ཚེས5ཉིན། དུས་ཡུན་ཉིན་ལྔའི་རིང་གི་གནས་མཆོག་དཀར་མཛེས་ལ། འཛོམ་པའི་ཁ་ཆད་ཡོད། རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་། གོམས་སྟབས་ཆེན་པོས་ལམ་གསར་བསྐྱོད་ཅེས་པའི་བྲག་མགོ་རྫོང་གི་རྒྱང་སྐྱོད་དྲན་གསོ་ཞུ་བའི“ལྔ་གཅིག”ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྒྱུག་འགྲན་སྡུར་བྱེད་སྒོ་དེ་རྟ་རྒྱུག་ཐང་ནས་དངོས་སུ་མཇུག་བསྒྲིལ་བ་རེད། ཐེངས་འདིའི་བྱེད་སྒོས་སྐྱ་དམག་གི་གསར་བརྗེའི་བླ་སྲོག་བརྒྱུད་འཛིན་བྱེད། རྟ་ཕོ་ཡི་འགྲོས་དང་བསྟུན་ནས་ལམ་གསར་དུ་བསྐྱོད་ཅེས་པ་གཙོ་དོན་དུ་བྱས་ནས་བྲག་མགོ་རྫོང་གི་གསར་བརྗེ་རིག་གནས་བརྒྱུད་འཛིན་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏིང་ཟབ་བཏང་།
བྲག་མགོ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་མཇུག་བསྒྲིལ་མཛད་སྒོར་ཞུགས་ཤིང་སྨི5000དང་སྨི10000ཅན་གྱི་ཨང་དང་པོ་ཐོབ་མཁན་གྱི་རྟ་བདག་ལ་བྱ་དགའ་སྤྲད། གླེང་རིན་ཡོད་པ་ཞིག་ལ་བྱེད་སྒོའི་ཡུལ་དངོས་སུ་ས་གནས་དེ་གའི་རྩམ་པ་སོགས་ཁྱད་ཆོས་ཞིམ་ཟས་དང་རྟ་སྒ་དང་གཡུ་བྱུར་སོགས་ཁྱད་ཆོས་རྒྱན་ཆས་ཡུལ་སྐོར་བ་མང་པོས་ཡིད་དབང་བཀུག། ཡུལ་སྐོར་བ་རྣམས་ཀྱིས་ངོ་མཚར་ཆེ་བའི་རྟ་རྒྱུག་འགྲན་སྡུར་ལ་ལྟ་ཞོར་དུ་བྲག་མགོ་རྫོང་གི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་དང་རང་བྱུང་མཛེས་ལྗོངས། ཁྱད་ལྡན་ཞིམ་ཟས། ཐུན་མིན་ལག་ཤེས་བཟོ་རྩལ་བཅས་ལ་མྱོང་རོལ་བྱས་པ་རེད།
ཐེངས་འདིའི་བྱེད་སྒོ་རྒྱལ་ཁའི་ངང་སྤེལ་བ་དེས་ས་གནས་ཁག་གི་རྟ་རྒྱུག་འགྲན་སྡུར་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་ཕྱིན་པར་མ་ཟད། མཐོ་སྒང་ཡུལ་དུ་རྒྱང་སྐྱོད་སྙིང་སྟོབས་ལ་དུས་རབས་གསར་པའི་འོད་ཟེར་འཕྲོས་སུ་བཅུག་པ་དང་། བྲག་མགོའི་གསར་བརྗེའི་རིག་གནས་དང་མི་རིགས་ལུས་རྩལ་མཉམ་འདྲེས་ཀྱི་མིང་བྱང་སྔར་བས་གསལ་པོར་ཆགས། གོམ་སྟབས་རྗེས་མར་བྲག་མགོ་རྫོང་གིས“གནས་མཆོག་དཀར་མཛེས་ལ། འཛོམ་པའི་ཁ་ཆད་ཡོད་པའི”གཙོ་དོན་བྱེད་སྒོ་གོ་སྐབས་སུ་བྱས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་མཐུད་དང་དཔའ་ངར་ཆེན་པོའི་ཉམས་འགྱུར་ཐོག་ནས་རྒྱང་སྐྱོད་ལམ་གསར་དུ་མུ་མཐུད་དེ་བསྐྱོད་རྒྱུ་རེད།།
( གསར་འགོད་པ། རྟ་མགྲིན་རྡོ་རྗེ།)
