国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2026ལོའི་རྡུང་རེས་བརྒྱབ་པའི་སྐྱིན་ཚབ་ཚད་གཞི།

གཅིག རྨས་སྐྱོན་ཆུང་ངུ།(དཔེར་ན། འགྲམ་ལྕག་གཞུས་པ)

ཉིན5ནས15བར་བཀག་ཉར་དང་སྒོར500ནས2000བར་གྱི་ཆད་པ་གཅད་རྒྱུ།

སྐྱིན་ཚབ་ཚད་གཞི་ནི་སྨན་རིན་དང་ལས་ཆག་གྲོན་དངུལ། ནད་གཡོག་གྲོན་དངུལ་བཅས་ཡིན་ཞིང་། 

(དེའི་སྐྱིན་ཚབ་སྒོར་གྲངས་ནི15000ནས30000བར་ཡིན)

གཉིས། རྨས་སྐྱོན་ཡང་མོ། 

(དཔེར་ན། རུས་ཆག་གི་རྨས་སྐྱོན)

ལོ3མན་གྱི་དུས་བཀག་བཙོན་འཇུག་དང་སྐྱིན་ཚབ་གཞལ་འགན་འཁུར་དགོས།

སྐྱིན་ཚབ་ཚད་གཞི་ནི་སྨན་རིན་དང་ལས་ཆག་གྲོན་དངུལ། འཚོ་བཅུད་གྲོན་དངུལ། དབང་པོ་སྐྱོན་ཅན་དུ་བཏང་བའི་སྐྱིན་ཚབ་སྒོར་སོགས་ཡིན། 

(དེའི་སྐྱིན་ཚབ་སྒོར་གྲངས་ནི་ཁྲི3ནས10བར་ཡིན)

གསུམ། རྨས་སྐྱོན་ཚབ་ཆེན། 

(དཔེར་ན། རྐང་ལག་དབང་པོ་སྐྱོན་ཅན་དུ་བཏང་བ།)

ལོ3ནས10ཡན་གྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅད་རྒྱུ། 

(དབང་པོ་སྐྱོན་ཅན་དུ་བཏང་བའི་ཚབས་ཧ་ཅང་ཆེ་ན་སྲོག་ཁྲིམས་ཀྱང་གཅད་སྲིད།)

སྐྱིན་ཚབ་ཚད་གཞི་ནི་སྨན་རིན་དང་དབང་པོ་སྐྱོན་ཅན་གྱི་གཞོགས་འདེགས་ཡོ་བྱད། སེམས་ཁམས་ལ་གནོད་འཚེ་བཟོས་པའི་གྲོན་དངུལ་སོགས་ཡིན། 

(དེའི་སྐྱིན་ཚབ་སྒོར་གྲངས་ནི་ཁྲི10ནས100ཡི་ཡན་ཡིན) ( ཀུན་དགས་བསྡུས།)