国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡེ་ཚན་གསུམ་གྱིས་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ ཟླ་བའི་བྱེད་སྒོ་ཐེངས་དྲུག་པ་སྤེལ།

ད་ལོའི་སྤྱི་ཟླ5པ་ནི་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བ་ཐེངས་དྲུག་པ་དེ་རེད། གསར་འགོད་པས་སྤྱི་ཟླ5པའི་ཚེས6ཉིན་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་བྱེད་སྒོ་ཡང་་སྤེལ་རྒྱུར་བསྐུལ་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ། རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་བཅས་ཀྱིས《2026ལོའི་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི་ལས་ཀའི་ཇུས་གཞི》མཉམ་དུ་དཔར་འགྲེམ་བྱས་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཇུས་གཞིའི་བླང་བྱ་ལྟར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་མངོན་འགྱུར་བྱུང་བར་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་བསྐྲུན་པ་རེད།

ཇུས་གཞིར་ད་ལོའི་དྲིལ་སྒྲོག་གཙོ་གནད་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དེ་བཞིན་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་ཕུན་སུམ་ཚོགས་པོ་ཡིན་ཞིང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལྟར། དམངས་དོན་ཁྲིམས་གཞུང་དང་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར།དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་རྒྱུ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་བསྐྲུན་པར་ཞབས་ཞུ། ཚན་རྩལ་གསར་གཏོད་ལ་བསྐུལ་བ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་བསྐུལ་བ། དངུལ་རྩ་མངའ་ཁོངས་ཀྱི་ཉེན་ཁ་སེལ་བ་དང་དེ་བཞིན་ཕྱི་ཕྱོགས་ཉོ་ཚོང་གི་མ་དངུལ་འཇོག་པ་སོགས་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཁྲིམས་སྲོལ་གཏན་འབེབས་བྱས་པ་རེད།

ཇུས་གཞིར་བྱེད་སྒོ་སྤེལ་རིང་ལས་དོན་རབ་དང་རིམ་པ་གཙོ་གནད་སྤེལ་རྒྱུ་ཡིན་པ་དང་། དེའི་ནང་ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་ཅང་ཞི་ཞིང་ཆེན་དུ་རྒྱལ་ཡོངས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི་གྲོང་སྡེར་བསྐྱོད་པ་གསུམ་གཅིག་སྡུད་དཔེ་སྟོན་དང་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི་སྐུལ་འདེད་བྱེད་སྒོ་སྤེལ་ཏེ། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་ཁྲིམས་ལུགས་ཁྱབ་གདལ་ཀློག་དེབ་དཔེ་སྐྲུན་ལ་མཛུབ་ཁྲིད་བྱས་ཏེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་དོན་ཁྲིམས་གཞུང་གི་འབྲེལ་ཡོད་གྱོད་གཞིའི་དཔེ་མཚོན་བསྒྲགས་པ་དང་། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་སྣེ་ཁྲིད་དེ་མཛེས་པའི་ཀྲུང་གོར་ཁྲིམས་གཞུང་སྲུང་སྐྱེལ་ཡོད་པའི་སྐྱེ་ཁམས་ཁོར་ཡུག་ཁྲིམས་སྐྱོང་གི་རྩོམ་ཡིག་བསྡུ་ལེན་བྱེད་སྒོ་སོགས་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།།

( བདེ་ཆེན་གྱིས་བསྒྱུར།)